ཀྲུང་གོ་བོད་ཀྱི་དྲ་བ།

ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་གིས་ཀྲུང་གོའི་འགོག་སྨན་བརྒྱབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་གསར་འགྱུར་ཅུའུ་ཡིས་ཚེས་ཉེར་གསུམ་ཉིན་བསྒྲགས་པ་ལྟར་ན། ཙུང་ཐུང་ཀྲ་ཕ་ལོ་ཧྥུའུ་ཡིས་ཉིན་དེར་རྒྱལ་ས་པིས་ཧྲི་ཁའེ་ཁི་ཡི་འགོག་སྨན་རྒྱག་ས་ཞིག་ནས་ཀྲུང་གོའི་འགོག་སྨན་བརྒྱབ།

གནས་ཚུལ་ལྟར་ན། ཀྲ་ཕ་ལོ་ཧྥུའུ་ཡིས་རྒྱལ་ཡོངས་ཀྱི་མང་ཚོགས་ཚང་མས་འགོག་སྨན་བརྒྱབ་ནས་མི་སྒེར་དང་སྤྱི་ཚོགས་ཡོངས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་། ཀྲུང་གོ་སྲིད་གཞུང་གིས་ཅིར་ཅི་སི་སི་ཐན་ལ་པྲོག་གསར་གློ་ཚད་འགོག་སྨན་གྱི་ཞལ་འདེབས་ཕུལ་ནས། ཅིར་ཅི་སི་སི་ཐན་གྱིས་ཀྲུང་གོར་བཀའ་དྲིན་ཆེ་ཞུས།

ཅིར་ཅི་སི་སི་ཐན་འཕྲོད་བསྟེན་སྡེ་ཁག་གིས་ད་ལོའི་ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན་ནས་བཟུང་རྒྱལ་ཁོངས་ཀྱི་མང་ཚོགས་ལ་ཀྲུང་གོའི་འགོག་སྨན་རྒྱག་མགོ་བརྩམས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།