ཝེ་ནེ་ཙུའེ་ལའི་སྲིད་གཞུང་གིས་ཨ་མེ་རི་ཁའི་དམག་དོན་གནམ་གྲུས་ཝེ་ནེ་ཙུའེ་ལའི་མངའ་ཁོངས་བར་སྣང་ལ་བཙན་འཛུལ་་བྱས་པར་རྒོལ་གཏམ་བཏང་།

ཞིིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝེ་ནེ་ཙུའེ་ལའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་གསུམ་ཉིན་གསལ་བསྒྲགས་སྤེལ་ནས་ཨ་མེ་རི་ཁའི་དམག་དོན་གནམ་གྲུས་ཝེ་ནེ་ཙུའེ་ལའི་མངའ་ཁོངས་བར་སྣང་ལ་བཙན་འཛུལ་བྱས་པར་རྒོལ་གཏམ་བཏང་།

གསལ་བསྒྲགས་ནང་བཤད་རྒྱུར། ཚེས་ཉེར་གཉིས་ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་དང་སྐར་མ་ཞེ་བདུན་སྟེང་ནས་སྐར་མ་ལྔ་བཅུའི་སྟེང་བར། ཨ་མེ་རི་ཁའི་མཁའ་དམག་གིc-17རྟགས་ཅན་གྱི་སྐྱེལ་འདྲེན་གནམ་གྲུས་ཝེ་ནེ་ཙུའེ་ལའི་མངའ་ཁོངས་བར་སྣང་ལ་བཙན་འཛུལ་བྱས་ནས། སུའུ་ལིས་ཡ་མངའ་སྡེའི་ཕེ་ལིས་ཧྭ་རི་བོའི་བར་སྣང་ནས་འཕུར་སྐྱོད་བྱས། མངོན་གསལ་དུ་བསྙད་རྐོ་བའི་སྤྱོད་ཚུལ་དེ་རྒྱལ་སྤྱིའི་མཁའ་འགྲུལ་གྱི་འབྲེལ་ཡོད་ཁྲིམས་སྲོལ་དང་འགལ་བས། ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་རྒོལ་གཏམ་དྲག་པོ་བཏང་ཟེར།

གསལ་བསྒྲགས་ནང་བཤད་རྒྱུར། མིག་སྔར་ཁི་ལོམ་པི་ཡ་དང་ཨ་མེ་རི་ཁ་གཉིས་ཀྱིས་ཁི་ལོམ་པི་ཡ་རུ་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བཞིན་ཡོད་པ་དང་། ཨ་མེ་རི་ཁའི་ཁི་ལོམ་པི་ཡ་རུ་ཡོད་པའི་དམག་དོན་རྟེན་གཞིས་ཅ་ལི་པིས་དང་ལ་ཏིན་མེ་གླིང་ས་ཁུལ་གྱི་གཏན་འཇགས་གནོད་བྱེད་ཀྱིན་ཡོད་པས། ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་བདག་དབང་དང་མངའ་ཁོངས་ཧྲིལ་བོ་ཡོང་བར་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་། རྣམ་པ་གང་རུང་གི་གནོད་སྐྱེལ་སྤྱོད་ཚུལ་ལ་ངོ་རྒོལ་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།