ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་ནུབ་ཕྱོགས་ཀྱི་མ་ཧ་ལ་ཧྲི་ཐི་ལ་མངའ་སྡེ་རུ་རི་ཉིལ་བ་དང་ཁང་བ་བརྡིབས་ནས་མི་སོ་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྟུད་མར་ཉིན་འགའི་རིང་ལ་དྲག་ཆར་བབས་པའི་དབང་གིས་རྒྱ་གར་ནུབ་ཕྱོགས་ཀྱི་མ་ཧ་ལ་ཧྲི་ཐི་ལ་མངའ་སྡེ་རུ་རི་ཉིལ་བ་དང་ཁང་བ་བརྡིབས་ནས་མི་སོ་དགུ་རྐྱེན་ལམ་དུ་ཤོར།

ས་གནས་སྨྱན་བྱད་ཀྱིས་ཚེས་ཉེར་གསུམ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། མ་ཧ་ལ་ཧྲི་ཐི་ལ་མངའ་སྡེ་ཡི་ལེ་ཀུ་ཏི་དང་དེ་མིན་ཉེ་འདབས་ས་ཁུལ་དུ་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་གནས་མང་པོ་ནས་རི་ཉིལ། ས་གནས་དཔོན་རིགས་ཀྱིས་བཤད་དོན། རྒུད་སྐྱོབ་མི་སྣས་ལེ་ཀི་ཏི་ས་ཁུལ་དུ་འདས་པོའི་བེམ་པོ་སོ་གཉིས་བརྙེད་པ་དང་། ཉེ་འདབས་ས་ཁུལ་དུ་འདས་པོའི་བེམ་པོ་བཞི་བརྙེད།

བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱ་གར་མིན་མེད་ཉེ་འདབས་ས་ཁུལ་དུ་ཚེས་ཉེར་གསུམ་ཉིན་གྱི་ཞོགས་པར་ཁང་བ་བརྡིབས་པའི་དོན་རྐྱེན་བྱུང་སྟེ་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་བདུན་རྨས། དེའི་ནང་གི་རྨས་མ་ཁ་ཤས་ཀྱི་གནས་ཚུལ་ཚབས་ཆེན་ཡིན་ལ། མིག་སྔར་རྨས་མ་རྣམས་ཉེ་འདབས་ཀྱི་སྨན་ཁང་དུ་སྐྱེལ་ནས་སྨན་བཅོས་བྱེད་བཞིན་ཡོད།

རྒྱ་གར་དུ་ལོ་རེའི་ཟླ་དྲུག་པ་དང་དགུ་བ་ནི་ཆར་འབབ་རྒྱུ་མང་པོའི་དུས་ཚིགས་ཤིག་ཡིན་པས། ཐོག་གིས་རྒྱག་པ་དང་དྲག་ཆར་འབབ་རྒྱུ་མང་བ་དང་། ཆུ་ལོག་རྒྱུག་པ་དང་རི་ཉིལ་བ་སོགས་ཀྱི་གནོད་འཚེ་རྒྱུན་དུ་འབྱུང་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།