ཕ་ཁུ་སི་ཐཱན་ནས་རྐྱེན་ལམ་དུ་ཤོར་བའི་ཀྲུང་གོའི་སྤུན་ཟླའི་བེམ་པོ་ཕྱིར་རང་རྒྱལ་དུ་འབྱོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན། ཕ་ཁུ་སི་ཐཱན་གྱི་འཇབ་རྒོལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཀྲུང་གོའི་སྤུན་ཟླ་དགུ་ཡི་བེམ་པོ་རང་རྒྱལ་གྱི་གནམ་གྲུ་ལས་ཕྱིར་རང་རྒྱལ་དུ་འབྱོར། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁུ་སི་ཐཱན་ཕྱོགས་ཀྱིས་བྱེད་ཐབས་ངེས་ཅན་སྤྱད་དེ་གཟབ་ནན་དང་འགན་འཁུར། ཡང་དག་སྒོས་བདེན་མཐའ་ལྷང་ལ་འཕུད་དགོས་པ་དང་ཉེས་ཅན་ཁྲིམས་ལ་སྦྱོར་དགོས་ལ། ནུས་པ་གང་ཡོད་སྒོས་རྨས་མ་སྐྱོབ་དགོས་པའི་བླང་བྱ་བཏོན་པར་མ་ཟད། ཀྲུང་གོ་དང་ཕ་ཁུ་སི་ཐཱན་ཕྱོགས་གཉིས་ཀྱིས་མི་སྣ་དང་ལས་གཞི། ལས་ཁུངས་ཀྱི་བདེ་འཇགས་སྲུང་སྐྱོབ་ཐད་བྱེད་ཐབས་ནུས་ལྡན་སྤྱོད་དགོས་ལ། དོན་རྐྱེན་འདི་རིགས་ཡང་བསྐྱར་མི་འབྱུང་བར་ཁག་ཐེག་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།