ཨེ་ཁཱ་ཏོར་གྱི་བཙོན་ཁང་གཉིས་ཀྱི་ནང་དུ་ཟིང་འཁྲུག་བསླངས་ནས་བཙོན་མ་ཉེར་གཉིས་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཁཱ་ཏོར་སྲིད་གཞུང་གི་པུའུ་ཀྲང་ཡ་ལིས་ཧྲན་ཏི་ལ་པེ་ལ་ཡིས་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ་བཤད་དོན། ཨེ་ཁཱ་ཏོར་གྱི་བཙོན་ཁང་གཉིས་ཀྱི་ནང་དུ་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་ཟིང་འཁྲུག་བསླངས་ནས། ཉུང་མཐར་ཡང་བཙོན་མ་ཉེར་གཉིས་རྐྱེན་ལམ་དུ་ཤོར་བ་དང་། བཙོན་མ་བཅུ་ཕྲག་འགའ་རྨས་ཟེར།

ཨེ་ཁཱ་ཏོར་བཙོན་ཁང་དོ་དམ་ཅུའུ་ཡིས་ཚེས་ཉེར་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ་བཤད་དོན། ཟིང་འཁྲུག་བྱུང་བའི་བཙོན་ཁང་གཉི་ཀ་བཀའ་ཡ་སི་ཞི་ཆེན་དང་ཁི་ཐོ་ཕ་ཞི་ཞིང་ཆེན་དུ་ཡོད། ཟིང་འཁྲུག་དེ་བསྟུད་མར་དུས་ཚོད་འགའ་ལ་བྱུང་རྗེས། བཙོན་ཁང་དོ་དམ་མི་སྣ་དང་ཉེན་རྟོག་ཕྱོགས་ཀྱིས་རྣམ་ཚོད་འཛིན་བྱས། ས་གནས་སྨྱན་བྱད་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཟིང་འཁྲུག་ནི་བཙོན་མའི་ཕྱོགས་ཁག་བར་བྱུང་བ་རེད་ཟེར།

ཨེ་ཁཱ་ཏོར་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་སོ་ཡིས་ཚེས་ཉེར་གཉིས་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་དོན། སྲིད་གཞུང་གིས་བཙོན་ཁང་དོ་དམ་ཅུའུ་ཡི་འགན་འཁུར་བ་གསར་བ་བསྐོ་འཇོག་བྱས་པར་མ་ཟད། རྒྱལ་ཡོངས་ཀྱི་བཙོན་ཁང་ཁོངས་གཏོགས་ལ་བྲེལ་མྱུར་སྒྲིག་ལམ་ལག་བསྟར་བྱས་པ་དང་། རིགས་སོ་སོའི་ཐོན་ཁུངས་རྩ་འཛུགས་བྱས་ཏེ་བཙོན་ཁང་གི་སྒྲིག་ལམ་སྲུང་སྐྱོབ་བྱས། ཁོས་བཤད་དོན། སྲིད་གཞུང་གི་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ནག་ཚོགས་ཉེས་ཅན་ལ་རྡུང་རྡེག་བྱས་ནས། སྤྱི་ཚོགས་བདེ་འཇགས་དང་ཁྲིམས་སྐྱོང་སྲུང་སྐྱོབ་བྱེད་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།