ཀྲུང་གོ་བོད་ཀྱི་དྲ་བ།

ཧྭ་ཧྲིན་ཏུང་ཀི་ལོན་པུ་ཡའི་དམིགས་བསལ་ས་ཁུལ་གྱི་གྲོང་ཁྱེར་ལྟེ་གནས་སུ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་ནས་མི་གཉིས་རྨས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཧྭ་ཧྲིན་ཏུང་གྲོང་ཁྱེར་གྱི་ཀི་ལུན་པུས་ཡ་དམིགས་བསལ་ས་ཁུལ་ཉེན་རྟོག་ཅུའུ་ཡིས་ཁྱབ་སྒྲོག་བྱས་དོན། ཧྭ་ཧྲིན་ཏུང་ཀི་ལོན་པུ་ཡའི་དམིགས་བསལ་ས་ཁུལ་གྱི་གྲོང་ཁྱེར་ལྟེ་གནས་སུ་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་ནས། མི་གཉིས་རྨས་པ་དང་དོགས་ཡོད་ཉེས་ཅན་མིག་སྔར་བྲོས་སོང་ཟེར།

ཧྭ་ཧྲིན་ཏུང་ཀི་ལོན་པུ་ཡའི་དམིགས་བསལ་ས་ཁུལ་ཉེན་རྟོག་ཅུའུ་ཡིས་སྤྱི་ཚོགས་སྨྱན་བྱད་སྟེང་ཁྱབ་སྒྲོག་བྱས་ཏེ་བཤད་དོན། ཉེན་རྟོག་ཕྱོགས་ལ་ཉིན་དེའི་དུས་ཚོད་ཉི་ཤུ་དང་སྐར་མ་ཉི་ཤུའི་སྟེང་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་བའི་གནས་ཚུལ་འབྱོར་བ་དང་། དོན་རྐྱེན་བྱུང་ས་ནི་དམིགས་བསལ་ས་ཁུལ་གྱི་ནུབ་བྱང་ཆུའུ་སྲང་ལམ་བཅུ་བཞི་བ་དང་ལིས་ཀི་སི་སྲང་ལམ་གྱི་ལམ་མདོ་ཡིན། མེ་མདས་བརྒྱབ་པའི་དོན་རྐྱེན་ཁྲོད་དུ་སྐྱེས་པ་གཉིས་རྨས་ཤིང་། ཁོ་གཉིས་སྨན་ཁང་དུ་སྐྱེལ་ནས་སྨན་བཅོས་བྱེད་བཞིན་ཡོད། ཉེན་རྟོག་ཕྱོགས་ཀྱིས་མིག་སྔར་ཨ་ཧྥེ་རི་ཁའི་རྒྱུད་པ་ཡིན་པའི་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱེད་ཀྱིན་ཡོད།

དེ་ནི་ཧྭ་ཧྲིན་ཏུང་དམིགས་བསལ་ས་ཁུལ་དུ་གཟའ་འཁོར་གཅིག་གི་ནང་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་ཐེངས་གསུམ་པ་རེད། ཚེས་བཅུ་བདུན་ཉིན་གྱི་དགོང་མོ་དང་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་མེ་མདས་བརྒྱབ་པའི་དོན་རྐྱེན་གཉིས་ཀྱི་ཁྲོད་དུ་སོ་སོར་ཉུང་མཐར་ཡང་མི་བཞི་རྨས་བ་དང་མི་གཅིག་རྐྱེན་ལམ་དུ་ཤོར་ཞིང་མི་ལྔ་རྨས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།