ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་ལྷོ་མས་པྲོག་གསར་གློ་ཚད་ཀྱི་འགོག་སྨན་བརྒྱབ་ནས་ཤི་བའི་དོན་རྐྱེན་ཉེར་བརྒྱད་ལ་བརྟག་དཔྱད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་ལྷོ་མའི་གསར་འགྱུར་ལས་ཁུངས་ཀྱིས་ཚེས་ཉེར་གཉིས་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་ཧྥེ་རི་ཁ་ལྷོ་མའི་སྨན་བཅོས་འཕྲོད་བསྟེན་ཐོན་རྫས་དོ་དམ་ཅུའུ་ཡིས་རྒྱལ་ཁབ་དེའི་པྲོག་གསར་གློ་ཚད་ཀྱི་འགོག་སྨན་བརྒྱབ་ནས་ཤི་བའི་དོན་རྐྱེན་ཉེར་བརྒྱད་ལ་བརྟག་དཔྱད་བྱེད་བཞིན་ཡོད་ཟེར།

ཨ་ཧྥེ་རི་ཁ་ལྷོ་མའི་སྨན་བཅོས་འཕྲོད་བསྟེན་ཐོན་རྫས་དོ་དམ་ཅུའུ་ཡི་དབུ་བཞུགས་ལག་བསྟར་དཔོན་པོ་སའེ་མཱེ་ཐི་མཱ་ཁི་ཁི་ཐི་ལའེ་ལཱ་ཡིས་ཚེས་ཉེར་གཅིག་ཉིན་གྲོས་ཁང་ལ་པྲོག་གསར་གློ་ཚད་ཀྱི་འགོག་སྨན་བརྒྱབ་པའི་གནས་ཚུལ་ཡར་ཞུ་བྱེད་སྐབས། ཨ་ཧྥེ་རི་ཁ་ལྷོ་མའི་པྲོག་གསར་གློ་ཚད་ཀྱི་འགོག་སྨན་བརྒྱབ་རྗེས་ཤི་བའི་མི་མང་ཆེ་ཤོས་ལ་ཧོས་རོས་འགོག་སྨན་བརྒྱབ་པ་དང་། མི་ཉུང་ཤོས་ལ་ཆཱང་ཧྲིན་འགོག་སྨན་བརྒྱབ་པ་ཡིན་ཞིང་། དོ་དམ་ཅུའུ་དེས་དོན་རྐྱེན་དེ་དག་ནི་འགོག་སྨན་དང་འབྲེལ་བ་ཡོད་མེད་གཏན་ཁེལ་བྱེད་དགོས་ཡོད་ཟེར།

སའེ་མཱེ་ཐི་མཱ་ཁི་ཁི་ལའེ་ལཱ་ཡིས་བཤད་རྒྱུར། འགོག་སྨན་བརྒྱབ་ནས་མི་ཉེར་བརྒྱད་ཤི་བའི་དོན་རྐྱེན་གྱིས་མི་ཚད། འབྲེལ་ཡོད་སྡེ་ཁག་ལ་འགོག་སྨན་བརྒྱབ་རྗེས་ལུས་ཕུང་མི་བདེ་བའི་ཚོར་བ་བྱུང་བའི་མི་སྟོང་བཞི་ལྷག་བྱུང་བའི་སྙན་ཞུ་འབྱོར་སོང་ཟེར།

ཨ་ཧྥེ་རི་ཁ་ལྷོ་མས་པྲོག་གསར་གློ་ཚད་ཀྱི་འགོག་སྨན་རྒྱག་ཚད་ཇེ་མགྱོགས་སུ་གཏོང་བཞིན་ཡོད་ལ། མིག་སྔར་ཉིན་གཅིག་ལ་འགོག་སྨན་རྒྱག་ཚད་འགོག་སྨན་འབུམ་གཉིས་ལས་བརྒལ་ཡོད། ཚེས་ཉེར་གཉིས་ཉིན་བར་དུ། ཨ་ཧྥེ་རི་ཁ་ལྷོ་མ་རུ་འགོག་སྨན་བརྒྱབ་ཟིན་པའི་མི་ས་ཡ་དྲུག་ཙམ་ཡོད་པ་དང་། དེའི་ནང་གི་མི་ས་ཡ་ལྔ་ཙམ་ལ་ཧོས་རོས་འགོག་སྨན་བརྒྱབ་པ་རེད།

ཚེས་ཉེར་གཉིས་ཉིན་གྱི་དགོང་མོ་བར་དུ། ཨ་ཧྥེ་རི་ཁ་ལྷོ་མར་མི་ས་ཡ་གཉིས་དང་འབུམ་གསུམ་ཁྲི་བཞི་སྟོང་གཉིས་སུམ་བརྒྱ་དང་སུམ་ཅུ་ལ་པྲོག་གསར་གློ་ཚད་ཕོག་པར་ངོས་བཟུང་བ་དང་། ནད་པ་ཁྲི་དྲུག་དང་སྟོང་བརྒྱད་དྲུག་བརྒྱ་ཉེར་ལྔ་རྐྱེན་ལམ་དུ་ཤོར་བའི་སྙན་ཞུ་འབྱོར་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།