དབྱི་སི་རལ་གྱིས་སི་རི་ཡའི་དབུས་ཕྱོགས་ཀྱི་ཧའོ་མུའུ་སི་ས་ཁུལ་ལ་འཕུར་མདས་འཐབ་རྒོལ་བྱས་ནས་མི་སྣ་ཤི་རྨས་མ་བྱུང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡའི་དཔོན་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་གསལ་སྒྲོག་ཅིག་སྤེལ་ཏེ་བཤད་དོན། དབྱི་སི་རལ་གྱིས་ཉིན་དེའི་ཞོགས་པར་སི་རི་ཡའི་དབུས་ཕྱོགས་ཀྱི་ཧའོ་མུའུ་སི་ས་ཁུལ་ལ་འཕུར་མདས་འཐབ་རྒོལ་བྱས་ནས་མི་སྣ་ཤི་རྨས་མ་བྱུང་ཟེར།

གསལ་སྒྲོག་ནང་བཤད་དོན། ཚེས་ཉེར་གཉིས་ཉིན་གྱི་ཞོགས་པའི་དུས་ཚོད་གཅིག་གི་སྟེང་། དབྱི་སི་རལ་གྱིས་སི་རི་ཡའི་དབུས་ཕྱོགས་ཀྱི་ཧའོ་མུའུ་སི་ཞིང་ཆེན་ཀུའུ་སེ་ཨར་ས་ཁུལ་གྱི་གནས་སྐོར་ཞིག་ལ་འཕུར་མདས་འཇབ་རྒོལ་བྱས་པ་དང་། སི་རི་ཡའི་མཁའ་འགོག་མ་ལག་གིས་འཕུར་མདའ་བཀག་འགོག་བྱས་ནས་འཕུར་མདའ་སྐོར་ཞིག་སར་ལྷུང་། གསལ་སྒྲོག་ནང་འཕུར་མདས་འཇབ་རྒོལ་བྱས་པ་དེས་སྒྲིག་ཆས་ལ་གཏོར་བརླག་བྱས་ཡོད་ཅེས་བཤད།

གཞན་ཡང་སྤྱི་ཁྱབ་པུའུ་དབྱིན་ཇིའི་ལུན་ཏུན་དུ་བཙུགས་པའི་སི་རི་ཡའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། འཇབ་རྒོལ་བྱས་ཏེ་ཐེངས་མང་པོར་འགས་གཏོར་བྱུང་བ་དང་། འཇབ་རྒོལ་ཐེབས་པའི་ས་གནས་དང་ལེ་པ་ནོན་འཇིག་རྟེན་བྱེད་པོ་ཏང་གཉིས་ལ་འབྲེལ་བ་ཡོད་ཟེར།

སི་རི་ཡའི་ནང་ཁུལ་དུ་དམག་འཁྲུག་བྱུང་རྗེས། སྔོན་ཆད་དབྱི་སི་རལ་དམག་གིས་ཐེངས་མང་པོར་དབྱི་ལང་གི་དམག་དོན་སྒྲིག་ཆས་ལ་རྡུང་རྡེག་བྱེད་པར་ཁ་གཡར་ནས་སི་རི་ཡའི་ནང་ཁུལ་གྱི་དམིགས་འབེན་ལ་བར་སྣང་དུ་འཇབ་རྒོལ་བྱས། དབྱི་སི་རལ་ཕྱོགས་ཀྱི་བཤད་པ་ལྟར་ན། དེའི་ནང་གི་སྒྲིག་ཆས་ཁ་ཤས་ཁྲོད་དུ་དབྱི་ལང་གིས་ལེ་པ་ནོན་འཇིག་རྟེན་བྱེད་པོ་ཏང་ལ་སྐྱེལ་བའི་མཚོན་ཆ་བཞག་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།