ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་དམག་ཕྱོགས་ཀྱི་གྱེན་འཕུར་གནམ་གྲུ་ཞིག་གིས་སི་རི་ཡའི་ཤར་བྱང་ཕྱོགས་ཀྱི་ཧ་སེ་ཁི་ཞིང་ཆེན་གྱི་མང་ཚོགས་སྡོད་ཁུལ་ཞིག་ལ་འགས་གཏོར་བྱས་ནས་མི་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་དམག་ཕྱོགས་ཀྱི་གྱེན་འཕུར་གནམ་གྲུ་ཞིག་གིས་ཚེས་ཉེར་གཅིག་ཉིན་སི་རི་ཡའི་ཤར་བྱང་ཕྱོགས་ཀྱི་ཧ་སེ་ཁི་ཞིང་ཆེན་གྱི་མང་ཚོགས་སྡོད་ཁུལ་ཞིག་ལ་འགས་གཏོར་བྱས་ནས། མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་གང་མང་ཞིག་རྨས།

སི་རི་ཡའི་འཕྲིན་གཏོང་ཁང་གིས་ཚེས་ཉེར་གཅིག་ཉིན་ས་གནས་ཀྱི་གནས་ཚུལ་ཤེས་མཁན་གྱི་སྐད་ཆ་དྲངས་ནས་བཤད་དོན། ཨ་མེ་རི་ཁའི་དམག་ཕྱོགས་ཀྱི་གྱེན་འཕུར་གནམ་གྲུ་ཞིག་གིས་ཉིན་དེར་ཧ་སེ་ཁི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཧ་སེ་ཁིའི་ཤར་ཕྱོགས་ས་ཁུལ་གྱི་མང་ཚོགས་སྡོད་ཁུལ་ཞིག་ལ་འཕུར་མདས་བརྒྱབ་ནས་སྡོད་ཁུལ་གྱི་མི་སྣ་ཤི་རྨས་བྱུང་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།