ཀྲུང་གོ་བོད་ཀྱི་དྲ་བ།

པི་ལི་ཧྲིའི་ཆུ་ལོག་གནོད་འཚེའི་རྐྱེན་ལམ་དུ་ཤོར་བའི་མི་གྲངས32ལ་བུད་པ་དང་རྒྱལ་སྟོན་དུས་ཆེན་ཉིན་མོའི་བྱ་འགུལ་་སྟབས་བདེ་རུ་བཏང་།

ཡོང་ཁུངས། : ཀྲུང་དབྱང་བརྙན་འཕྲིན་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པི་ལི་ཧྲིའི་རྒྱལ་ཕྲན་ཉེན་ཁའི་ལྟེ་གནས་ཀྱི་ས་གནས་དུས་ཚོད་ཚེས21ཉིན་ཁྱབ་བསྒྲགས་བྱས་པའི་གསར་འགྱུར་ལྟར་ན། པི་ལི་ཧྲིའི་དབུས་ལྷོ་རྒྱུད་དུ་ཆུ་ལོག་གི་གནོད་འཚེ་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་མི་གྲངས32ལ་བུད་པ་དང་། རྐྱེན་ལམ་དུ་ཤོར་བའི་མི་ཚང་མའི་ཐོབ་ཐང་ཉེན་རྟོག་ཕྱོགས་ཀྱིས་གཏན་འཁེལ་བྱས། དེ་ལས་གཞན། ད་ལྟ་འབྲེལ་བ་ཆད་པའི་མི་སྣའི་གྲངས་ཀ་མི18ལ་བུད། 

ཉེན་ཁའི་ལྟེ་གནས་ཀྱིས་ད་དུང་། གནོད་ཐེབས་ས་ཁུལ་གྱི་གནས་ཚུལ་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་ཅིང་། གནོད་འཚེ་ཛ་དྲག་ཡིན་པའི་ཞིང་ཆེན་སྔར་བཞིན་གཙང་དག་བྱ་བ་སྤེལ་བཞིན་པའི་སྒང་ཡིན། གནམ་གཤིས་སྔོན་བརྡ་ལས་མངོན་པ་ལྟར་ན། ཝ་ལུང་པུའུ་ལཱ་པན་ཐི་མངའ་སྡེ་རུ་གཟའ་འཁོར་འདིའི་མཇུག་ཏུ་སྐོར་རིམ་གསར་བའི་ཆར་བ་འབབ་པའི་ཤུགས་རྐྱེན་ཐེབས་སྲིད་ཅེས་བསྟན། 

ཚེས21ཉིན་ད་དུང་པི་ལི་ཧྲིའི་རྒྱལ་སྟོན་ཉིན་མོ་ཡིན་ཞིང་། འོན་ཀྱང་ཉིན་སྔོན་མའི་ཆུ་ལོག་གི་གནོད་འཚེ་ལས་རྐྱེན་ལམ་དུ་ཤོར་མཁན་ལ་རྒྱལ་ཡོངས་རང་བཞིན་གྱི་མྱ་ངན་ཞུས་པ་དང་། རྒྱལ་སྟོན་ཉིན་མོའི་བྱ་འགུལ་དེའི་སྟབས་ཀྱིས་སྟབས་བདེ་ཅན་དུ་བཏང་བ་དང་། ཤོག་སྦག་འཁྲབ་སྟོན་སོགས་རྟེན་འབྲེལ་མཚོན་པའི་གོ་རིམ་ཚང་མ་མེད་པར་བཟོས།   །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།