ཨ་མེ་རི་ཁའི་སྲིད་གཞུང་གི་མི་སྣ་གཙོ་བོར་འགོག་ཁབ་བརྒྱབ་རྗེས་པྲོག་གསར་ནད་དུག་འགོས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཕོ་བྲང་དཀར་པོ་དང་རྒྱལ་ཚོགས་གྲོས་གཙོའི་གཞུང་ལས་ཁང་གིས་ཚེས20ཉིན་སོ་སོར་ཕོ་བྲང་དཀར་པོའི་དཔོན་མི་དང་རྒྱལ་ཚོགས་གྲོས་གཙོའི་གཞུང་ལས་ཁང་གི་མགྲིན་ཚབ་པ་ཞིག་ལ་པྲོག་གསར་གློ་ཚད་ནད་དུག་ཚད་ལེན་མཇུག་འབྲས་གདགས་གཤིས་ཡིན་ལ། ཁོ་ཚོའི་མི་དེ་གཉིས་ཀྱི་ཡར་སྔོན་ལ་པྲོག་གསར་གློ་ཚད་འགོག་ཁབ་ཐེངས་གཉིས་ལ་བརྒྱབ་ཡོད་པ་གཏན་འཁེལ་བྱས།

ཕོ་བྲང་དཀར་པོའི་གསར་འགྱུར་མགྲིན་ཚབ་པ་ཀྲིན་ཕུའུ་སཱ་ཅིའི་ཡིས་ཉིན་དེའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་བཤད་རྒྱུར། ཕོ་བྲང་དཀར་པོའི་དཔོན་མི་ཞིག་གིས་ཚེས19ཉིན་གྱི་པྲོག་གསར་གློ་ཚད་རིམས་ནད་ཚད་ལེན་མཇུག་འབྲས་གདགས་གཤིས་ཡིན་ལ། ད་ལྟ་ནད་རྟགས་ཅུང་ཡང་མོར་གྱུར་བ་དང་། དེ་སྔོན་མི་འདིས་པྲོག་གསར་གློ་ཚད་རིམས་ནད་འགོག་ཁབ་ཐེངས་གཉིས་ལ་བརྒྱབ་ཡོད་པ་རེད། ཕོ་བྲང་དཀར་པོའི་སྨན་བཅོས་ཚོགས་པས་རྟོག་ཞིབ་བྱས་རྗེས། ཙུང་ཐུང་པེ་ཏིན་དང་ཕོ་བྲང་དཀར་པོའི་དཔོན་མི་གཙོ་བོ་དང་། སྤྱིར་བཏང་གི་ལས་སྒྲུབ་མི་སྣ་ཚང་མ་དཔོན་མི་དེ་དང་འབྲེལ་འདྲིས་ཟབ་མོ་མེད་པ་གཏན་འཁེལ་བྱས།

དུས་མཚུངས་སུ། ཨ་མེ་རི་ཁའི་གྲོས་ཁང་གི་གྲོས་གཙོ་ཕའེ་ལའོ་ཞི་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་ཏི་ལུའུ་ཧྭ་མུས་འར་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་དོན། ཕའེ་ལའོ་ཞི་གཞུང་ལསབ་ཁང་གི་གསར་འགྱུར་མགྲིན་ཚབ་པ་ཞིག་གིས་ཚེས19ཉིན་པྲོག་གསར་གློ་ཚད་རིམས་ནད་ནད་དུག་ཚད་ལེན་མཇུག་འབྲས་གདགས་གཤིས་ཡིན་པ་དང་། མི་དེས་ཡང་པྲོག་གསར་གློ་ཚད་འགོག་ཁབ་ཐེངས་གཉིས་ལ་བརྒྱབ་ཅིང་། ཉེ་དུས་ཕའེ་ལའོ་ཞི་དང་འབྲེལ་བ་ཟབ་མོ་བྱས་མེད། མགྲིན་ཚབ་པ་འདིས་གཟའ་འཁོར་སྔོན་མར་ཧྭ་ཧྲིན་ཐོན་ནས་ཐོན་པའི་ཏི་ཁུ་སཱ་སི་མངའ་སྡེའི་དབྱི་ཧའེ་དམངས་གཙོ་ཏང་གི་གྲོས་མི60སྣེ་ལེན་བྱས་པ་དང་། ཁོ་ཚོའི་ཁྲོད་ད་ལྟ་མི6གི་པྲོག་གསར་གློ་ཚད་ནད་དུག་ཚད་ལེན་གདགས་གཤིས་ཡིན་པ་རེད། 

འགོས་ནད་རང་བཞིན་ཆེས་ཆེར་ལྡན་པའི་ཏི་འར་ནའོ་ནད་དུག་ཨ་མེ་རི་ཁ་རུ་བརྒྱུད་སྒྲོག་བྱས་པ་དང་བསྟུན་ནས། ཉེ་དུས་ཨ་མེ་རི་ཁའི་རིམས་ནད་དཀྱིལ་སྙིང་གི་རྟགས་ཚད་ཕྱིར་ལྡོག་བཞིན་ཡོད་ཅིང་།རྒྱལ་ཡོངས་ཀྱི་མངའ་སྡེ50རུ་འགོ་བའི་ནད་པ་ལྡབ་འགྱུར་གྱི་ཡར་འཕར་བཞིན་ཡོད་པ་རེད།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།