ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་སི་རི་ཡའི་བྱང་ཕྱོགས་སུ་ཡོད་པའི་ཨ་ལེ་ཕའོ་ཞིང་ཆེན་གྱི་ས་གནས་ཁ་ཤས་ལ་བར་སྣང་ནས་འཇབ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡའི་དམག་ཕྱོགས་ཀྱིས་ཚེས་བཅུ་དགུ་ཉིན་བཤད་དོན། དབྱི་སི་རལ་གྱིས་ཉིན་དེའི་དགོང་མོར་སི་རི་ཡའི་བྱང་ཕྱོགས་སུ་ཡོད་པའི་ཨ་ལེ་ཕའོ་ཞིང་ཆེན་གྱི་ས་གནས་ཁ་ཤས་ལ་བར་སྣང་ནས་འཇབ་རྒོལ་བྱས་པ་དང་། འཇབ་རྒོལ་ཁྲོད་དུ་མི་སྣ་ཤི་རྨས་མ་བྱུང་།

སི་རི་ཡའི་དམག་ཕྱོགས་ཀྱིས་ཚེས་བཅུ་དགུ་ཉིན་གསལ་སྒྲོག་ཅིག་གི་ནང་བཤད་དོན། ས་དེའི་ཚེས་བཅུ་དགུ་ཉིན་གྱི་ཆུ་ཚོད་ཉེར་གསུམ་དང་སྐར་མ་སོ་བདུན་སྟེང་། དབྱི་སི་རལ་གྱིས་སི་རི་ཡའི་བྱང་ཕྱོགས་སུ་ཡོད་པའི་ཨ་ལེ་ཕའོ་ཞིང་ཆེན་གྱི་ས་གནས་ཁ་ཤས་ལ་བར་སྣང་ནས་འཇབ་རྒོལ་བྱས། སི་རི་ཡའི་མཁའ་སྲུང་མ་ལག་གིས་འཕུར་མདའ་བཀག་འགོག་བྱས་ཏེ་འཕུར་མདའ་མང་ཤོས་སར་འཕངས། བར་སྣང་ནས་འཇབ་རྒོལ་བྱས་པ་དེས་སྒྲིག་ཆས་ལ་གཏོར་བརླག་ཚབས་ཆེན་བཟོས་ཟེར།

སི་རི་ཡ་ནང་ཁུལ་དུ་འཐབ་འཁྲུག་བྱུང་རྗེས། དབྱི་སི་རལ་གྱི་དམག་གིས་ཐེངས་མང་པོར་དབྱི་ལང་གི་དམག་དོན་སྒྲིག་ཆས་ལ་རྡུང་རྡེག་བྱེད་པར་ཁ་གཡར་ནས་སི་རི་ཡའི་ནང་ཁུལ་གྱི་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་བྱས་མྱོང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།