ནི་ཀྲེ་རི་ཡའི་ནུབ་བྱང་ས་ཁུལ་ཏུ་འཇབ་རྒོལ་དོན་རྐྱེན་བྱུང་ནས་ཉེན་རྟོག་པ་བཅུ་གསུམ་བསད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནི་ཀྲེ་རི་ཡའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་དགུ་ཉིན་བདེན་དཔང་བྱས་དོན། ནི་ཀྲེ་རི་ཡའི་ནུབ་བྱང་ས་ཁུལ་གྱི་ཆར་གཏོགས་པའི་ཀྲ་མུའུ་ཧྥ་ལཱ་མངའ་སྡེ་རུ་ཚེས་བཅོ་བརྒྱད་ཉིན་དྲག་ཆས་པས་ས་གནས་ཉེན་རྟོག་པར་འཇབ་རྒོལ་བྱས་ཏེ། ཉེན་རྟོག་པ་བཅུ་གསུམ་པ་བསད་པ་དང་མི་མང་པོ་རྨས།

ཀྲ་མུའུ་ཧྥ་ལཱ་མངའ་སྡེ་ཡི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་མུའུ་ཧན་མའོ་ཏི་ཞུའེ་ཧུའུ་ཡིས་ཚེས་བཅུ་དགུ་ཉིན་གསལ་བསྒྲགས་ཤིག་ལས་བཤད་རྒྱུར། མངའ་སྡེ་དེའི་ས་ཁུལ་གྱི་ཉེན་རྟོག་པར་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོ་ཞུ་གཏུག་འབྱོར་ཏེ། དྲག་ཆས་པས་ས་གནས་དེའི་སྡེ་བར་འཇལ་རྒོལ་བྱས་པ་དང་། ཉེན་རྟོག་ཕྱོགས་མྱུར་མོར་འཇབ་རྒོལ་ཐེབས་སའི་སྡེ་བར་སྐྱོད་པའི་ལམ་བར་དུ་དྲག་ཆས་པས་འཇབ་རྒོལ་ཐེབས་ཏེ་ཕན་ཚུན་གྱིས་མེ་མདའ་འཕེན་རེས་བྱས། མཐར་ཉེན་རྟོག་པ་བཅུ་གསུམ་ཐེངས་འདིའི་དོན་རྐྱེན་ཁྲོད་བསད་པ་དང་ཉེན་རྟོག་པ་མི་ཉུང་བ་ཞིག་ལ་རྨས་སྐྱོན་བཟོས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།