དབྱི་རག་གི་རྒྱལ་སར་འགས་གཏོར་དོན་རྐྱེན་བྱུང་ནས་མི་བཅུ་དགུ་བསད་པ་དང་མི་ང་བཞི་རྨས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་རྒྱལ་ཁབ་ནང་སྲིད་པུའུ་ཡི་དཔོན་དམག་གིས་ཚེས་བཅུ་དགུ་ཉིན་བཤད་རྒྱུར། དབྱི་རག་གི་རྒྱལ་ས་པ་ཀི་ཏའི་ཤར་ཕྱོགས་ཀྱི་ཁྲོམ་ར་ཞིག་ནས་ཉིན་དེར་འགས་གཏོར་དོན་རྐྱེན་བྱུང་སྟེ། མི་བཅུ་དགུ་བསད་པ་དང་མི་ང་བཞི་རྨས།

དབྱི་རག་ནང་སྲིད་པུའུ་ཡི་མིང་བཤད་མི་འདོད་པའི་དཔོན་དཔག་ཅིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། པ་ཀི་ཏའི་ཤར་ཕྱོགས་ཀྱི་མི་ཚོགས་འདུ་འཛི་ཆེ་བའི་ཁྲོམ་ར་ཞིག་ཏུ་ཉིན་དེའི་དགོང་ཁར་འགས་གཏོར་དོན་རྐྱེན་བྱུང་ནས། བུད་མེད་དང་བྱིས་པ་ཚུད་པའི་མི་སྣ་འབོར་ཆེན་རྨས་ལ། འགས་གཏོར་དོན་རྐྱེན་བྱུང་སའི་ཉེ་འཁོར་གྱི་ཚོང་ཁང་དང་ཚོང་བཤམས་ས་ཚང་མས་གཏོར་བརླག་ཆེན་པོ་ཐེབས།

བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་རག་གི་ཙུང་ལི་ཁཱ་ཏིས་མུས་ཀྱིས་བཀའ་ཕབ་སྟེ་དོན་རྐྱེན་བྱུང་ཡུལ་གྱི་བདེ་འཇགས་་འགན་ཁུར་མཁན་བཀག་ཉར་བྱས་པར་མ་ཟད། འགས་གཏོར་དོན་རྐྱེན་ལ་རྩད་ཞིབ་ནན་མོ་བྱེད་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།