ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐ་ལིས་པན་བར་དུས་ཐུང་ནང་ཞི་གྲོས་ལ་ལྟ་ཚུལ་གཅིག་མཐུན་བྱུང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐ་ལིས་པན་གྱིས་ཚེ་བཅོ་བརྒྱད་ཉིན་ཁཱ་ཐ་ཨར་གྱི་རྒྱལ་ས་ཏོ་ཧ་རུ་སྐབས་གསར་པའི་ཞི་བའི་གྲོས་མོལ་རེ་ཞིག་མཇུག་རྫོགས་པ་དང་། ཕྱོགས་གཉིས་ཀས་མུ་མཐུད་དུ་མཐོ་རིམ་ཞི་གྲོས་བྱས་ཏེ་དུས་ཐུང་ནང་ལྟ་ཚུལ་གཅིག་མཐུན་བྱུང་།

ཕྱོགས་གཉིས་ཀས་གྲོས་མོལ་མཇུག་རྫོགས་རྗེས་གསལ་བསྒྲགས་སྤེལ་ཏེ་བཤད་རྒྱུར། ཕྱོགས་གཉིས་ཀ་གྲོས་མོལ་གོ་རིམ་ཇེ་མགྱོགས་སུ་གཏོང་བའི་ཐད་འཐད་པ་བྱུང་བ་དང་། དྲང་གཞག་དང་དུས་ཡུན་རིང་བོའི་ངང་ཨ་ཧྥུའུ་ཧན་གྱི་འགལ་བ་མཇུག་རྫོགས་པར་བྱེད་རྒྱུ་དང་། འདུག་འགྲིག་མངོན་འགྱུར་དང་ཨ་ཧྥུའུ་ཧན་མི་དམངས་ཡོངས་ཀྱི་ཁེ་ཕན་ལ་འགན་ལེན་བྱེད་རྒྱུ་ཡིན།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།