འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་བརྒྱད་འབུམ་དྲུག་ཁྲི་ལྔ་སྟོང་ལྔ་དགུ་བརྒྱ་རེ་བརྒྱད་ལ་སླེབས་ཡོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་དྲུག་ཉིན་བསྒྲགས་པའི་གཞི་གྲངས་གསར་པ་ལྟར་ན།  འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་བརྒྱད་འབུམ་དྲུག་ཁྲི་ལྔ་སྟོང་ལྔ་དགུ་བརྒྱ་རེ་བརྒྱད་ལ་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་གསར་པ་ལྟར་ན།   ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་བཅུ་དྲུག་ཉིན་གྱི་དགོང་མོའི་དུས་ཚོད་བདུན་དང་སྐར་མ་ཉེར་གཅིག་བར་དུ།  འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་འབུམ་ལྔ་དང་ཁྲི་བཞི་སྟོང་བདུན་བརྒྱད་བརྒྱ་དོན་དགུ་ཇེ་མང་དུ་སོང་སྟེ་བསྡོམས་པས་ནད་པ་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་བརྒྱད་འབུམ་དྲུག་ཁྲི་ལྔ་སྟོང་ལྔ་དགུ་བརྒྱ་རེ་བརྒྱད་ལ་སླེབས་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་བརྒྱད་དང་བརྒྱད་བརྒྱ་ཞེ་དགུ་ཇེ་མང་དུ་སོང་ནས།  བསྡོམས་པས་ས་ཡ་བཞི་དང་ཁྲི་དྲུག་སྟོང་བདུན་ལྔ་བརྒྱ་བཅུ་བདུན་ལ་སླེབས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།