ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་ཕ་ཁི་སི་ཐན་དུ་སོང་བའི་སྡེ་ཁག་བརྒལ་བའི་མཉམ་འབྲེལ་ཚན་ཆུང་གིས་ཀྲུང་གོ་ཕྱོགས་ཀྱི་རྨས་མར་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་དུས་ཚོད་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར།  ཀྲུང་གོའི་ཕ་ཁི་སི་ཐན་དུ་སོང་བའི་སྡེ་ཁག་བརྒལ་བའི་མཉམ་འབྲེལ་ཚན་ཆུང་གི་ཚན་གཙོ།  ཕྱི་འབྲེལ་པུའུ་ཡི་ཕྱི་འབྲེལ་བདེ་འཇགས་ཟི་ཡི་ཟི་ཀྲང་གཞོན་པ་ཝུའུ་ཝེ་ཀྲུང་གོའི་ཕ་ཁི་སི་ཐན་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ནོང་རོང་དབྱི་དང་མཉམ་དུ་ཕ་ཁི་སི་ཐན་གྱི་རྒྱལ་སའི་ཉེ་འགྲམ་གྱི་སྐམ་དམག་སྨན་ཁང་དུ་སོང་ནས་ཏ་སུའུ་ཡི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཁྲོད་རྨས་ཕོག་པའི་ཀྲུང་གོ་ཕྱོགས་ཀྱི་མི་སྣར་འཚམས་འདྲི་བྱས་པ་དང་།    རྨས་མ་རེ་རེའི་རྨས་སྐྱོན་དང་སྐྱོབ་བཅོས་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས།

ཝུའུ་ཝེ་ཡིས་རྨས་མ་རྣམས་ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་མི་སྣའི་ཐུགས་ཁུར་དང་བརྩེ་བའི་འཚམས་འདྲི་བྱས་པ་རེ་རེ་བཞིན་བརྒྱུད་བསྒྲགས་བྱས།     བྱ་བའི་ཚན་ཆུང་གིས་ད་སོ་མར་ཕ་ཁི་སི་ཐན་ཕྱོགས་ཀྱི་སྡེ་ཁག་བརྒལ་བའི་རུ་ཁག་ལ་སྦྲེལ་མཐུད་བྱས་པ་དང་།  ཀྲུང་གོ་དང་ཕ་ཁི་སི་ཐན་ཕྱོགས་གཉིས་ཀྱིས་སྟོབས་ཤུགས་གང་ཡོད་བཏོན་ནས་སྨན་བཅོས་རོགས་སྐྱོབ་བྱ་བ་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན་པའི་ཚུལ་བསྟན་པ་དང་།   རྨས་མ་རྣམས་ཀྱིས་སེམས་བདེ་མོས་གསོ་བཅོས་བྱས་ཏེ་སྔ་མོ་ནས་བདེ་ཐང་ཡོང་རྒྱུའི་རེ་བ་བཏོན།

པེ་ཅིན་གྱི་དུས་ཚོད་ཚེས་བཅུ་དྲུག་ཉིན་གྱི་ཞོགས་པར།    ཀྲུང་གོ་ཕྱོགས་ཀྱི་སྡེ་ཁག་བརྒལ་བའི་བྱ་བའི་ཚན་ཆུང་པེ་ཅིན་ནས་ལམ་ལ་ཆས་ཏེ་དབྱི་སི་ལན་པོ་རུ་སོང་བ་དང་།   དབྱི་སི་ལན་པོར་རུ་ཐོན་པའི་ཉིན་དེར་ཕ་ཁི་སི་ཐན་གྱི་འབྲེལ་ཡོད་སྡེ་ཁག་མང་པོ་དང་གྲོས་མོལ་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།