ཀྲུང་གོ་བོད་ཀྱི་དྲ་བ།

ཚེས་བཅོ་ལྔའི་ཉིན་བར་དུ་ཨ་མེ་རི་ཁར་བསྡོམས་པས་རི་བོ་བདུན་ཅུ་ལྷག་ཏུ་མེ་སྐྱོན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅོ་ལྔའི་བར་དུ། ཨ་མེ་རི་ཁར་བསྡོམས་པས་རི་བོ་བདུན་ཅུ་ལྷག་ཏུ་མེ་སྐྱོན་བྱུང་ལ། དེས་མངའ་སྡེ་བཅུ་གཅིག་ལ་ཤུགས་རྐྱེན་ཐེབས་འདུག དེའི་ནང་ཆེས་ཆེ་བའི་མེ་སྐྱོན་དེ་ཨུ་ལེ་ཀང་མངའ་སྡེ་རུ་བྱུང་བ་དང་། མི་སྟོང་གཉིས་ལྷག་ཕྱིར་འཐེན་བྱས།

ལུའུ་ཐི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཨུ་ལེ་ཀང་མངའ་སྡེ་ཡི་མེ་སྐྱོན་དེ་ཟླ་བདུན་པའི་ཚེས་དྲུག་ཉིན་བྱུང་བ་དང་། ཐོག་མར་པོ་ཐི་ལན་གྲོང་ཁྱེར་གྱི་ལྷོ་ཕྱོགས་ས་ཁུལ་དུ་བྱུང་། མེ་སྐྱོན་བྱུང་སའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི་དགུ་དང་གྲངས་ཆུང་གཅིག་བརྒྱད་དྲུག་ཟིན། མེ་སྐྱོན་གྱིས་གཙོ་བོ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དང་མཐའ་མཚམས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཡོད་པར་བཤད།

ཨུ་ལེ་ཀང་མངའ་སྡེ་མེ་སྐྱོན་འཕྲལ་དོན་མཛུབ་སྟོན་དཔོན་ཧུའུ་སེར་གྱིས་བཤད་རྒྱུར། ཐན་སྐམ་ཆེ་དྲགས་པའི་འོག་གི་འདེབས་འཛུགས་དང་གནམ་གཤིས་སྐམ་ཚད་ཧ་ཅང་ཆེ་ཟེར།

ཨུ་ལེ་ཀང་མངའ་སྡེའི་ནགས་ལས་སྡེ་ཁག་གི་མགྲིན་ཚབ་པ་ཇེ་མུའུ་ཀི་སི་པ་ཆི་ཡིས་བཤད་དོན། མེ་འགོག་མི་སྣ་སྟོང་གཅིག་དང་བདུན་བརྒྱ་དང་། གྱེན་འཕུར་གནམ་གྲུ་བཅུ་མེ་གསོད་གོ་རིམ་ཁྲོད་ཞུགས། མིག་སྔར་མེ་སྐྱོན་འབྱུང་དུས་ཡིན་པས། ང་ཚོའི་མེ་འགོག་དགོས་མཁོའི་ཚད་ཧ་ཅང་མཐོ་ཟེར།

ཨུ་ལེ་ཀང་མངའ་སྡེའི་སྲིད་གཞུང་སྡེ་ཁག་གི་དཔོན་པོས་བཤད་རྒྱུར། མི་ཉིས་སྟོང་ལྷག་ནགས་ཚལ་མེ་ལ་ཤོར་བའི་རྐྱེན་གྱིས་ཕྱིར་འཐེན་བྱས་པ་རེད། ཆེས་ཉུང་ནའང་ཁང་བ་ཉེར་གཅིག་དང་བཟོ་བཀོད་གཞན་པ་ང་བཞི་ལ་གཏོར་བརླག་ཐེབས་ཡོད། མིག་སྔའི་བར་དུ་མི་སྣར་ཤི་རྨས་ཐེབས་མེད་ཟེར།

ཝ་ཧྲིན་ཐོན་མངའ་སྡེ་རུ། ཞི་ཡ་ཐུའུ་གྲོང་ཁྱེར་གྱི་བྱང་ཕྱོགས་སུ་ཚེས་བཅུ་གཉིས་ཉིན་ནས་བཟུང་གློག་འཁྱུག་ནས་ནགས་ཚལ་མེ་རུ་ཤོར། མེ་རུ་ཤོར་བའི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་དགུ་སྟོང་ཉིས་བརྒྱ་བདུན་ཅུ་ལ་སླེབས། བརྒྱ་ཆའི་ཉི་ཤུའི་མེ་སྐྱོན་ལ་ཚོད་འཛིན་བྱེད་ཐུབ་པ་བྱུང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།