ཀྲུང་གོ་དང་ལའོ་ཝུའོ་ཡིས་བརྗེ་རེས་གྲོས་ཚོགས་བསྡུས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལའོ་ཝུའོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་དང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡིས་ཚེས་བཅོ་ལྔ་ཉིན་ཝན་ཞང་དུ་མཉམ་དུ་གྲོགས་པོའི་བརྗེ་རེས་གྲོས་ཚོགས་བསྡུས་ནས།  ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུས།

ལའོ་ཝུའོ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལིན་བརྗེ་རེས་གྲོས་ཚོགས་ལ་ཞུགས་པ་དང་།  ཀྲུང་གོའི་ལའོ་ཝུའོ་རུ་སྡོད་པའི་གཞུང་ཚབ་ཆེན་མོ་ཅང་ཙེ་ཏུང་དང་ལའོ་ཝུའོ་ཏང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ཐུང་ཧྲ་ཝན་གཉིས་ཀྱིས་སོ་སོར་ཤིས་ཚིག་ཕུལ།    ལའོ་ཝུའོ་ཡི་ཏང་དང་སྲིད་གཞུང་གི་འགོ་ཁྲིད་པ་དང་ཀྲུང་གོའི་ཕྱིར་སྡོད་རང་མི།   ལའོ་ཝུའོ་ལ་རོགས་སྐྱོར་བྱེད་པའི་ཆེད་མཁས་པའི་འཐུས་མི་སོགས་བྱ་འགུལ་ལ་ཞུགས།

ཅང་ཙེ་ཏུང་གིས་ཤེས་ཚིག་འབུལ་སྐབས་བསྟན་དོན།   ཀྲུང་གོ་དང་ལའོ་ཝུའོ་གཉིས་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་སྤུན་ཟླ་ལྟ་བུའི་ལའོ་ཝུའོ་ཏང་དང་མཉམ་དུ་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་།    སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་མཉམ་དུ་འཕེལ་རྒྱས་བཟང་བོར་གཏོང་བ།   ཀྲུང་གོ་དང་ལའོ་ཝུའོ་ཡི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པའི་ལག་ལེན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱས་ནས།    མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པའི་ཐད་ཧུར་ཐག་གིས་བྱས་རྗེས་འཇོག་འདོད་ཡོད།

ཐུང་ཧྲ་ཝན་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུས་པར་མ་ཟད།   ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་འགོ་ཁྲིད་དེ་ཏང་དང་རྒྱལ་ཁབ་ཀྱི་རླབས་ཆེན་ལས་དོན་གསར་སྐྲུན་བྱས་པ་དང་།    བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ལ།     ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་།  བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་བསྐྱོད་པའི་ཐད་རྨང་གཞི་བརྟན་པོ་བཏིངས་པ་བཅས་ལ་ཚད་མཐོའི་མཐོང་ཆེན་བྱས།

ཐུང་ཧྲ་ཝན་གྱིས་བསྟན་དོན།    ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ།    བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་འོག་ཏུ།   ཀྲུང་གོའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སོ་སོའི་ཐད་ལ་རླབས་ཆེན་གྲུབ་འབྲས་བླངས་ཡོད་པ་དང་།   འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་མངོན་འགྱུར་བྱས་པར་མ་ཟད།    བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས།    ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་འགོ་ཁྲིད་དེ་བླངས་པའི་འོད་སྟོང་འབར་བའི་གྲུབ་འབྲས་ཀྱིས་ལའོ་ཝུའོ་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་ཐད་ལ་ཉམས་མྱོང་རྩ་ཆེན་དང་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱས།    ཀྲུང་གུང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད་འོག་ཏུ།   སྤུན་ཟླ་ལྟ་བུའི་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་བརྒྱུད་དེ་རྒྱུན་ཆད་མེད་པར་མདུན་དུ་བསྐྱོད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་བ་སྔར་ལས་མང་པོ་ལེན་ཐུབ་པར་ཡིད་ཆེས་ཡོད།

བརྗེ་རེས་གྲོས་ཚོགས་སྟེང་།  ཚོགས་ཞུགས་སྐུ་མགྲོན་རྣམས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་རྒྱལ་སྤྱིའི་སྐོར་འགྲེམ་སྟོན་ལ་བལྟས་པ་དང་།  ང་དང་ང་ཡི་མེས་རྒྱལ་དང་ཀྲུང་གོ་དང་ལའོ་ཝུའོ་ཡི་མཛའ་བརྩེའི་གླུ་དབྱངས་ཞེས་པ་སོགས་ཀྱི་རིག་རྩལ་ལེ་ཚན་ལ་བལྟས། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།