ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་ལྷོ་མའི་ཟིང་འཁྲུག་གི་རྐྱེན་ལམ་དུ་ཤོར་བའི་མི་གྲངས117ལ་བུད།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས15ཉིན།  ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་གཞུང་ཤག་གི་པུའུ་ཀྲང་ཚབ་མ་ཁུན་པུའུ་ཙའོ་ཨིན་ཐི་ཧྲ་བའེ་ཉིའི་ཡིས་ཚེས15ཉིན་བཤད་རྒྱུར། ཙུང་ཐུང་སྔོན་མ་ཙུའུ་མཱ་འཛིན་བཟུང་བྱས་ནས་བཙོན་འཇུག་བྱས་པ་ལས་བསླངས་པའི་ཟིང་འཁྲུག་གིས་མི117རྐྱེན་ལམ་དུ་ཤོར། 

ཨིན་ཐི་ཧྲ་བའེ་ཉིའི་ཡིས་ཉིན་དེའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་བཤད་རྒྱུར། ད་ལྟའི་བར་དུ། ཁཱ་ཙུའུ་ལུའུ་ན་ཐ་འར་མངའ་སྡེ་རུ་མི91ཟིང་འཁྲུག་ཁྲོད་ནས་རྐྱེན་ལམ་དུ་ཤོར་བ་དང་། ཧའོ་ཐིན་མངའ་སྡེ་རུ་མི26རྐྱེན་ལམ་དུ་ཤོར་ཞིང་། ཁྱོན་མི2203འཛིན་བཟུང་བྱས།

ཨིན་ཐི་ཧྲ་བའེ་ཉིའི་ཡིས་བཤད་རྒྱུར། དེང་སྐབས་ཧའོ་ཐིན་མངའ་སྡེ་ཅུའུ་ཡི་གནས་ཚུལ་ཇེ་ལེགས་སུ་སོང་བ་དང་། ཚོང་ཁང་འཕྲོག་བཅོམ་གྱི་དོན་རྐྱེན་ཉུང་དུ་སོང་། འོན་ཀྱང་འཕྲོག་བཅོམ་དོན་རྐྱེན་དེ་ཁཱ་ཙུའུ་ལུའུ་ན་ཐ་འར་མངའ་སྡེ་རུ་མཚམས་རེར་བྱུང་བཞིན་ཡོད་ཟེར།

ཙུའུ་མཱ་ཚེས7ཉིན་གྱི་དགོང་མོར་ཁྲིམས་ཁང་ལ་མཐོང་ཆུང་བྱས་པའི་ནག་ཉེས་ཀྱིས་ཉེན་རྟོག་ཕྱོགས་ལ་མགོ་བཏགས་ཤིང་། དེའི་རྒྱབ་སྐྱོར་བྱེད་མཁན་གྱིས་ཚེས9ཉིན་ཕ་ཡུལ་ཁཱ་ཙུའུ་ལུའུ་ན་ཐ་འར་མངའ་སྡེ་རུ་རྔམ་སྟོན་བྱས་ཏེ། ཙུའུ་མཱ་ཕྱིར་གཏོང་བའི་རེ་འབོད་བྱས། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།