ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དབྱི་རག་གི་སྨན་ཁང་ཞིག་ལ་མེ་སྐྱོན་བྱུང་སྟེ་ཤི་རྨས་ཚབས་ཆེན་བྱུང་བར་དབྱི་རག་གི་སྲིད་འཛིན་པཱ་འར་ཧཱ་མུའུ་ལ་འཚམས་འདྲིའི་གློག་འཕྲིན་བཏང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་རག་གི་སྨན་ཁང་ཞིག་ལ་མེ་སྐྱོན་བྱུང་སྟེ་ཤི་རྨས་ཚབས་ཆེན་བྱུང་བར་དབྱི་རག་གི་སྲིད་འཛིན་པཱ་འར་ཧཱ་མུའུ་ལ་འཚམས་འདྲིའི་གློག་འཕྲིན་བཏང་། ཁོས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ཏེ་རྐྱེན་ལམ་དུ་ཤོར་མཁན་ལ་གདུང་སེམས་ཆེན་པོས་མྱ་ངན་ཞུས་པ་དང་། རྐྱེན་ལམ་དུ་ཤོར་མཁན་གྱི་ཁྱིམ་མི་དང་རྨས་མ་རྣམས་ལ་སེམས་གཏིང་ནས་འཚམས་འདྲི་ཞུས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།