ཁྲིམས་འགལ་གྱི་ཡུལ་མི་གནས་སྤོ་བ80ལྷག་མཱ་ཨར་ཐཱའི་མཚོ་ཁོངས་སུ་སྐྱོབ་ཐུབ་པ་བྱུང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས14ཉིན། ཁྲིམས་འགལ་གྱི་ཡུལ་མི་གནས་སྤོ་བ80ལྷག་མཱ་ཨར་ཐཱའི་མཚོ་ཁོངས་སུ་ཉེན་ཁར་འཕྲད་རྗེས་སྐྱོབ་ཐུབ་པ་བྱུང་། 

མཱ་ཨར་ཐཱའི་དྲག་ཆས་དམག་དཔུང་གིས་ཚེས14ཉིན་གསལ་བསྒྲགས་སྤེལ་བའི་ནང་བཤད་རྒྱུར། དྲག་ཆས་དམག་དཔུང་གིས་རྒྱལ་ཁབ་དེའི་མཚོ་ཁོངས་སུ་མཚོ་གྲུ་ཞིག་ལ་ཉེན་ཁ་བྱུང་ཡོད་པ་ཤེས་རྗེས་མྱུར་དུ་རོགས་སྐྱོར་བྱས་ཤིང་། མཚོ་གྲུ་དེའི་ཐོག་ཏུ་ཁྲིམས་འགལ་གནས་སྤོས་ཡུལ་མི84ཡོད་ལ། དེའི་ཁྲོད་བུད་མེད5དང་བྱིས་པ3ཡོད།

མཱ་ཨར་ཐཱ་རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་ད་ལོའི་ཟླ6པའི་ནང་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། 2020ལོར་མཱ་ཨར་ཐཱ་རྒྱལ་ཁབ་ཏུ་ཁྲིམས་འགལ་ངང་གནས་སྤོས་པའི་ཡུལ་མི2281ཡོད་པ་དེ་ན་ནིང་ལས33%མར་ཆག་ཡོད་ལ། དེའི་ཁྲོད84.8%ཨ་ཧྥེ་རི་ཁ་ནས་ཡིན་ཞིང5.2%ཨེ་ཤེ་ཡ་ནས་ཡོང་བ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།