ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤར་ཉེའི་མུག་སྐྱོབ་བཟོ་སྐྲུན་ཐད་ཞལ་འདེབས་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲན་ལྟར། ཕ་ལེ་སི་ཐན་དུ་སྡོད་པའི་ཀྲུང་གོའི་དོན་གཅོད་ཁང་གིས་ཉེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤར་ཉེའི་ཕ་ལེ་སི་ཐན་ཡུལ་གྱུར་པའི་མུག་སྐྱོབ་དང་བཟོ་སྐྲུན་ཁང་བར་ཞལ་འདེབས་འབུལ་བའི་གྲོས་མཐུན་བཀོད།

ཕ་ལེ་སི་ཐན་དུ་སྡོད་པའི་ཀྲུང་གོའི་དོན་གཅོད་ཁང་གི་ཀྲུའུ་རིན་ཀའོ་ཝེ་ཡིས་བཤད་རྒྱུར། ཀྲུང་གོས་ནམ་ཡིན་ཡང་ཤར་ཉེའི་མུག་སྐྱོབ་བཟོ་སྐྲུན་ཁང་བར་དུ་མཉམ་ལས་བྱས་ཏེ། ཤར་ཉེའི་མུག་སྐྱོབ་བཟོ་སྐྲུན་ཁང་གིས་བཏོན་པའི་བྲེལ་མྱུར་མི་ཆོས་རིང་ལུགས་ཀྱི་འབོད་སྐུལ་དང་ལེན་ལེགས་པོ་བྱེད་བཞིན་ཡོད། ཀྲུང་གོས་ཤར་ཉེའི་མུག་སྐྱོབ་བཟོ་སྐྲུན་ཁང་གི་བྱ་བར་སྔར་བཞིན་དུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཕ་ལེ་སི་ཐན་གྱི་ཡུལ་གྱར་པར་མུ་མཐུད་དུ་རོགས་རམ་བཟང་བོ་བྱེད་རྒྱུ་ཡིན་ཟེར།

ཤར་ཉེའི་མུག་སྐྱོབ་བཟོ་སྐྲུན་ཁང་གི་ཕྱི་ཕྱོགས་འབྲེལ་བའི་པུའུ་ཡི་ཀྲུའུ་རིན་ཐཱ་མཱ་ལཱ་ཡིས་ཀྲུང་གོའི་ཞལ་འདེབས་ཕུལ་བར་བཀའ་དྲིན་ཞུས་པ་དང་། ཀྲུང་གོ་སྲིད་གཞུང་གིས་ཤར་ཉེའི་མུག་སྐྱོབ་བཟོ་སྐྲུན་ཁང་གི་བྱ་བར་རྒྱབ་སྐྱོར་ཆེན་པོ་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས། ཁོ་མོས་བཤད་རྒྱུར། ཞལ་འདེབས་ཕུལ་བའི་སྒོར་མོ་དེ་དག་ཅ་ཧྲ་ས་ཁུལ་གྱི་ཡུལ་གྱར་པར་འཚོ་བར་མཁོ་བའི་འབྲུ་རིགས་ཀྱིས་རོགས་སྐྱོར་བྱེད་པའི་ཕྱོགས་སུ་བཀོལ་རྒྱུ་ཡིན་ལ། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མཉམ་ལས་བྱས་ཏེ་ཕ་ལེ་སི་ཐན་གྱི་ཡུལ་གྱར་པའི་དཀའ་ངལ་སེལ་རྒྱུར་རེ་སྒུག་བྱས་ཡོད་ཟེར།

ཤར་ཉེའི་མུག་སྐྱོབ་བཟོ་སྐྲུན་ཁང་གི་གཅིག་སྟོང་དགུ་བརྒྱ་ཞེ་དགུ་ལོར་བཙུགས་པ་དང་། གཙོ་བོ་ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཅ་ཧྲ་ས་ཁུལ། ཅོར་ཏན་དང་སི་རི་ཡ། ལེ་པ་ནུན་སོགས་སུ་ཡོད་པའི་ཕ་ལེ་སི་ཐན་གྱིས་ཐོ་འགོད་བྱས་པའི་ཡུལ་གྱར་པར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དང་། སློབ་གསོ་དང་སྨན་བཅོས་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་པའི་འགན་ཁུར་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།