ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཤར་ཕྱོགས་སུ་སྤྱི་སྤྱོད་རླངས་འཁོར་ཞིག་ཁ་ལོ་འཁོར་ནས་མི་བཅུ་གཉིས་ཚེ་ལས་འདས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲིམས་མཐུན་མིན་པའི་གནས་སྤོར་ཡུལ་མི་བསྡད་ཡོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་ཚེས་བཅུ་གཅིག་ཉིན་ཐུར་ཁེའི་ཤར་ཕྱོགས་སུ་ཁ་ལོ་འཁོར་ནས་མི་བཅུ་གཉིས་ཚེ་ལས་འདས་པ་དང་མི་ཉེར་དྲུག་ལ་རྨས་ཕོག

རང་སྐྱོན་བརྗོད་པའི་འབྲེལ་ཡོད་སྡེ་ཁག་གིས་གསལ་བསྒྲགས་ཤིག་ལས་བཤད་རྒྱུར། སྤྱི་སྤྱོད་རླངས་འཁོར་དེ་ཉིན་དེར་མུའུ་ལཱ་ཏི་ཡེ་ས་ཁུལ་དུ་སྐྱོད་སྐབས་གློ་བུར་དུ་ཚོད་འཛིན་བྱེད་མ་ཐུབ་པར་ལམ་འགྲམ་གྱི་གྲོག་རོང་དུ་ལྷུང་བ་དང་མེར་འབར། སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་དང་རླངས་འཁོར་སྟེང་གི་འགྲུལ་བ་བཅུ་གཅིག་པོ་ཚང་མ་ཚེ་ལས་འདས་པ་དང་། རྨས་མ་ཉེར་དྲུག་པོ་ཚང་མ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས།

ཐུར་ཁེའི་ཨ་ན་ཏོ་ལུའུ་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། འབྲེལ་ཡོད་སྡེ་ཁག་གིས་དོན་རྐྱེན་བྱུང་བའི་རྗེས་སུ་མྱུར་དུ་ཡུལ་དངོས་སུ་སོང་ནས་མྱུར་སྐྱོབ་བྱས་པ་དང་སྤྱི་སྤྱོད་རླངས་འཁོར་གྱི་བདག་པོ་བཀག་སྐྱིལ་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།