ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས11ཉིན་རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་པེ་ཅིང་དུ《ཀྲུང་གོ་དང་ཨུ་རུ་སུ་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་ལས་ཆིངས་ཡིག》སྟེང་མིང་རྟགས་བཀོད་ནས་ལོ་འཁོར20ལོན་པའི་སྣེ་ལེན་ཚོགས་འདུ་ཚོགས་པར་རྟེན་འབྲེལ་ཞུས་པ་མ་ཟད་ཤིས་ཚིག་ཕུལ།
ཝང་དབྱི་ཡིས་བཤད་རྒྱུར། འདས་ཟིན་པའི་ལོ་ངོ20རིང《ཆིངས་ཡིག》གི་སྣེ་ཁྲིད་འོག ཀྲུང་གོ་དང་ཨུ་རུ་སུ་འབྲེལ་བར་ཉེན་ཁ་དང་འགྲན་སློང་མང་པོ་འཕྲད་ཀྱང་མུ་མཐུད་དུ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་མང་པོ་སྐྲུན་ལ། ང་ཚོས་གོམ་གང་མདུན་སྤོས་སྒོས་ཆབ་སྲིད་ཀྱི་ཡིད་ཆེས་ཇེ་ཟབ་དང་། ལས་དོན་མཉམ་ལས་ཇེ་ཟབ། མི་ཆོས་བརྗེ་རེས་དམ་ཟབ། འཐབ་ཇུས་མཉམ་ལས་ཇེ་དྲག་བཅས་སུ་བཏང་སྟེ། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བའི་སྟེང་ཀྲུང་གོ་དང་ཨུ་རུ་སུ་འབྲེལ་བ་སྔར་ལས་ལྷག་པར་མཚར་སྡུག་འོད་སྟོང་ལྡན་པའི་དུས་རབས་ཀྱི་ལེའུ་གསར་བ་ཞིག་དགོས།
ཀྲུང་གོ་རུ་སྡོད་པའི་ཨུ་རུ་སུའི་གཞུང་ཚབ་ཆེན་མོ་ཅེ་ཉི་སའོ་ཧྥུའུ་ཡིས། ཟླ་སྔོན་མར་ཨུ་རུ་སུ་དང་ཀྲུང་གོའི་གཙོ་བདག་རྣམ་གཉིས་ཀྱིས་མཉམ་དུ《ཆིངས་ཡིག》གི་དུས་ཡུན་ཇེ་རིང་དུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱིས་དུས་མཉམ་དུ་འཕེལ་རྒྱས་ཐད་རླབས་ཆེ་བའི་དམིགས་འབེན་འཆར་འགོད་བྱས་ཤིང་། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ནུས་པ་ཡོད་རྒུ་བཏོན་ནས་དམིགས་འབེན་གསར་བ་དེ་མངོན་འགྱུར་བྱ་ཅི་ཐུབ་བྱ་རྒྱུ་ཡིན་ཞེས་བཤད། །
རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།
ཝང་དབྱི་ཡིས《ཀྲུང་གོ་དང་ཨུ་རུ་སུ་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་ལས་ཆིངས་ཡིག》སྟེང་མིང་རྟགས་བཀོད་ནས་ལོ་འཁོར20ལོན་པའི་སྣེ་ལེན་ཚོགས་འདུ་ཚོགས་པར་རྟེན་འབྲེལ་ཞུས་པ།