ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སི་རི་ཡའི་རྒྱལ་ཁོངས་ལས་བརྒལ་བའི་མི་ཆོས་རོགས་སྐྱོབ་དབང་ཆ་གནང་ཡུན་སྔར་ལས་ཇེ་རིང་དུ་གཏོང་བའི་གྲོས་ཆོད་ལ་གྲོས་འཆམ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་དགུ་ཉིན་གྲོས་ཆོད་ཨང་གཉིས་ལྔ་བརྒྱད་ལྔ་ལ་གྲོས་འཆམ་བྱུང་ནས། སི་རི་ཡའི་རྒྱལ་ཁོངས་ལས་བརྒལ་བའི་མི་ཆོས་རོགས་སྐྱོབ་དབང་ཆ་གནང་བའི་དུས་ཡུན་ཟླ་བཅུ་གཉིས་ཀྱི་རིང་ཇེ་རིང་དུ་བཏང་བ་དང་། དབང་ཆའི་ཕན་ཐོགས་ཡུན་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བདུན་པའི་ཚེས་བཅུ་ཉིན་བར་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།