ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་འགྲིམ་འགྲུལ་སྡེ་ཁག་ལ་དྲ་རྒྱའི་དཔུང་འཇུག་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལང་གཞུང་ལམ་དང་གྲོང་ཁྱེར་འཕེལ་རྒྱས་པུའུ་ལ་ཚེས་བཅུ་ཉིན་དྲ་རྒྱའི་དཔུང་འཇུག་ཐེབས་ནས་སྡེ་ཁག་གི་དྲ་རྒྱའི་སྒོ་འབྱེད་མ་ཐུབ། ཉིན་དེའི་སྔོན་ལ་དབྱི་ལང་གི་ལྕགས་ལམ་ཀུང་ཟི་ལའང་དྲ་རྒྱའི་དཔུང་འཇུག་ཐེབས།

དབྱི་ལང་གཞུང་ལམ་དང་གྲོང་ཁྱེར་འཕེལ་རྒྱས་པུའུ་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། སྡེ་ཁག་དེའི་རྩིས་འཁོར་མ་ལག་ལ་དཔུང་འཇུག་ཐེབས་ནས་དྲ་རྒྱའི་སྒོ་འབྱེད་མི་ཐུབ་པར་གྱུར་བ་དང་། དོན་དག་འདིའི་འབྱུང་རྐྱེན་ལ་རྩད་གཅོད་བྱེད་སྒང་ཡིན་ཟེར།

དབྱི་ལང་སྨྱན་བྱེད་ཀྱིས་བསྒྲགས་པ་ལྟར་ན། དབྱི་ལང་གི་མེ་འཁོར་འཛིན་བྱང་ཉོ་ས་ཚུད་པའི་ཞབས་ཞུའི་དྲ་ཚིགས་ལ་ཚེས་དགུ་ཉིན་དྲ་རྒྱའི་དཔུང་འཇུག་ཐེབས་ཏེ། མེ་འཁོར་གཏོང་ཡུན་གྱི་ཆ་འཕྲིན་འཆར་ངོས་མ་ལག་ལ་གཏོར་སྐྱོན་བཟོས་ནས། དབྱི་ལང་གི་ས་གནས་སོ་སོའི་མེ་འཁོར་ས་ཚིགས་རྙོག་འཛིང་གི་གནས་སུ་ཚུད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།