ཨར་ཅི་རི་ཡ་རུ་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་མི་ཉེར་བདུན་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨར་ཅི་རི་ཡའི་གཞུང་ཕྱོགས་གསར་འགྱུར་ཁང་གིས་ཚེས་བཅུ་ཉིན་བསྒྲགས་པ་ལྟར་ན། ཚེས་དགུ་ཉིན་གྱི་དགོང་མོ་སྔ་ཕྱིར་འགྲིམ་འགྲུལ་དོན་རྐྱེན་གཉིས་བྱུང་ནས་མི་ཉེར་བདུན་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་གཉིས་ལ་རྨས་ཕོག་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཚེས་དགུ་ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་ཀྱི་སྟེང་དུ། རྒྱལ་ཁབ་དེའི་བྱང་ཤར་གྱི་ཆར་གཏོགས་པའི་ཅོན་ཧྲི་ཐན་ཏིན་ཞིང་ཆེན་དུ་སྤྱི་སྤྱོད་རླངས་འཁོར་ཞིག་དང་ཟོག་འདྲེན་རླངས་འཁོར་ཞིག་གདོང་གཏུག་བྱུང་ནས་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་གཅིག་རྨས། ཨ་ཞི་ལྷོ་རྒྱུད་ཀྱི་པུའུ་ཨར་ཅིས་པ་ཅིས་མུའུ་ཧི་ཐ་ཨར་ཞིང་ཆེན་དུའང་། བྱེ་བགྲོད་རླངས་འཁོར་ཞིག་དང་ཟོག་འདྲེན་རླངས་འཁོར་ཞིག་གདོང་གཏུག་བྱུང་ནས་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་མི་གཅིག་རྨས།

འགྲིམ་འགྲུལ་དོན་རྐྱེན་ཁྲོད་བྱུང་བའི་རྨས་མ་ཚང་མ་སྨན་ཁང་དུ་བསྐྱལ། ཨར་ཅི་རི་ཡ་འབྲེལ་ཡོད་སྡེ་ཁག་གིས་དོན་རྐྱེན་གྱི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།