ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་བྱས་པའི་ཀྲུང་གོའི་འཐུས་ཚབ་གཞོན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥེ་རི་ཁ་ནུབ་མ་དང་སཱ་ཧི་ལེ་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པའི་རེ་འབོད་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་བྱས་པའི་ཀྲུང་གོའི་འཐུས་ཚབ་གཞོན་པ་དེད་པེན་གྱིས་ཚེས་བརྒྱད་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་སུ་མཉམ་འབྲེལ་རྒྱལ་ཚོགས་ཨ་ཧྥེ་རི་ཁ་ནུབ་མ་དང་སཱ་ཧི་ལེ་ས་ཁུལ་གཞུང་སྒྲུབ་ཁང་གི་བྱ་བར་གྲོས་ཞིབ་བྱེད་སྐབས་གཏམ་བཤད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ས་ཁུལ་དེའི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པ་དང་བདེ་འཇགས་གནས་བབ་ལེགས་བཅོས་བྱེད་པ། པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་དགོས་པའི་རེ་འབོད་བཏོན།

དེད་པེན་གྱིས་བཤད་དོན། ད་ལོའི་ཚུན་ལ། ཨ་ཧྥེ་རི་ཁ་ལྷོ་མ་དང་སཱ་ཧི་ལེ་ས་ཁུལ་གྱི་བརྟན་འཇགས་གནས་བབ་སྤྱིར་བཏང་དུ་སྲུང་འཛིན་བྱས་ཡོད། ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་ཁབ་ཀྱིས་ཧུར་ཐག་སྒོས་ས་གནས་ཀྱི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོབ་བྱས་པ་དང་མ་ལེ་འདུམ་སྒྲིག་སོགས་ཀྱི་གནད་དོན་ཁྲོད་ཞུགས། ད་ལོར་ཀང་པུས་ཡ་སོགས་སུ་འདེམ་བསྐོ་ཆེན་པོ་བྱེད་ཀྱིན་ཡོད་ལ། མ་ལེ་ནི་ཆབ་སྲིད་བར་བརྒལ་གྱི་གནད་འགག་དུས་སྐབས་སུ་གནས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབྲེལ་ཡོད་ཕྱོགས་སོ་སོས་གྲོས་མོལ་ལ་བརྟེན་ནས་འགལ་བ་ཐག་གཅོད་པར་སྐུལ་མ་གཏོང་དགོས་པ་དང་།  ཨ་ཧྥེ་རི་ཁའི་མཉམ་འབྲེལ་མནའ་འབྲེལ་གྱིས་མུ་མཐུད་དུ་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།

དེད་པེན་གྱིས་བཤད་དོན། རིམས་ནད་བྱུང་བའི་ཚུན་ལ། ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ས་གནས་དང་རྒྱལ་ཁང་མང་པོ་དང་མཉམ་འབྲེལ་བྱས་ཏེ། རིམས་འགོག་ཉམས་མྱོང་ལོངས་སུ་སྤྱོད་པ་དང་། ཐེངས་མང་པོར་ས་གནས་དང་རྒྱལ་ཁབ་ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་དང་རིམས་འགོག་དངོས་རྫས་འདོན་སྤྲོད་བྱས་པ་དང་། ས་གནས་དང་རྒྱལ་ཁབ་ཀྱི་ལས་ཐོན་སླར་གསོ་ཐད་ལ་རྒྱབ་སྐྱོར་བྱས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།