ཀྲུང་གོ་བོད་ཀྱི་དྲ་བ།

སུའེ་ཏེན་རྒྱལ་ཁབ་ཀྱི་གནམ་གྲུ་ཆུང་ཆུང་ཞིག་སར་ལྷུང་ནས་མི་སྣ་ཤི་རྨས་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའེ་ཏེན་སྨྱན་བྱད་ཀྱིས་ཚེས་བརྒྱད་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། མི་དགུ་བསྡད་ཡོད་པའི་གནམ་གྲུ་ཆུང་ཆུང་ཞིག་ཉིན་དེའི་དགོང་མོར་སུའེ་ཏེན་རྒྱལ་ཁབ་ཀྱི་དབུས་ཕྱོགས་གྲོང་ཁྱེར་ཨུག་ལེ་པུའུ་ལུའུ་ཡེ་གནམ་གྲུ་ཐང་དུ་སར་ལྷུང་ནས་མི་སྣ་ཤི་རྨས་བྱུང་།

བསྒྲགས་པའི་གནས་ཚུལ་ལྟར་ན། གནམ་གྲུ་ཆུང་ཆུང་དེའི་ནང་དུ་གདུགས་མཆོང་དགའ་མཁན་དང་བཅས་པའི་སྡོམ་པས་མི་དགུ་ཡོད། རྒུད་སྐྱོབ་མི་སྣས་བཤད་དོན། གནམ་གྲུ་འཕུར་མགོ་བརྩམས་ཏེ་ཅང་མ་འགོར་བར་གནམ་གྲུ་ཐང་གི་རྒྱུག་ལམ་དུ་ལྷུང་སྟེ་མི་འབར་བ་དང་། ད་ལྟ་མེ་བསད་འདུག

ཉེན་རྟོག་ཕྱོགས་ཀྱིས་ཐེངས་འདིའི་དོན་རྐྱེན་ཁྲོད་ཤི་རྨས་བྱུང་བའི་གནས་ཚུལ་བདེན་དཔང་བྱས་དོན། མི་གཅིག་ལ་རྨས་ལྗིད་མོ་ཕོག་ཡོད་པས་སྨན་ཁང་དུ་སྐྱེལ་ནས་སྨན་བཅོས་བྱེད་ཀྱིན་ཡོད་ལ། མི་སྣ་ཤི་རྨས་བྱུང་བའི་གྲངས་ཀ་གསལ་བོར་མ་བསྒྲགས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།