ཞི་ཅིན་ཕིང་གིས་སུའུ་ཏན་ལྷོ་མའི་ཙུང་ཐུང་ཅིའར་དང་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར10ལོན་པར་རྟེན་འབྲེལ་ཞུས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས9ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སུའུ་ཏན་ལྷོ་མའི་ཙུང་ཐུང་ཅིའར་དང་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར10ལོན་པར་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་དང་སུའུ་ཏན་ལྷོ་མ་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ10ཡི་རིང་། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་ཕྱིན་པ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཕྱོགས་གཉིས་ཀྱིས་རང་རང་གི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ནམ་ཡང་ཕན་ཚུན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱིན་ཡོད། པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་རྗེས་རྒྱལ་ཁབ་གཉིས་ཀྱིས་ལག་ཟུང་དམ་སྦྲེལ་བྱས་ནས་རིམས་ནད་འགོག་བཅོས་བྱས་པ་ནི་སྤུན་ཟླ་བར་གྱི་བརྩེ་སེམས་ཟབ་མོ་མཚོན་ཡོད། ངས་ཀྲུང་གོ་དང་སུའུ་ཏན་ལྷོ་མ་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཙུང་ཐུང་ཅིའར་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་འཁོར10ལོན་པ་གོ་སྐབས་སུ་བཟུང་ནས་ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་སྒྲོམ་གཞི་འོག་ཁྱབ་ཁོངས་སོ་སོ་བར་སྤེལ་རེས་དང་མཉམ་ལས་ཇེ་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།

ཅིའར་གྱིས་རྟེན་འབྲེལ་གློག་འཕྲིན་ནང་། ཀྲུང་གོ་ནི་སུའུ་ཏན་ལྷོ་མའི་གྲོགས་པོ་ངོ་མ་ཡིན། རྒྱལ་ཁབ་བཙུགས་ནས་ལོ་ངོ10ལས་མ་ལོན་པའི་རྒྱལ་ཁབ་ཞིག་སྟེ་སུའུ་ཏན་ལྷོ་མ་ལ་མཚོན་ན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། རྒྱལ་ནང་གི་ཞི་བདེའི་འཕེལ་རིམ། པྲོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པ་སོགས་ཀྱི་ཐད་ཀྲུང་གོ་ཕྱོགས་ཀྱིས་ཏན་ཏན་ཏིག་ཏིག་སྒོས་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སུའུ་ཏན་ལྷོ་མས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་རྒྱུ་དང་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་རེར་རེ་སྒུག་བྱེད་ཀྱིན་ཡོད་ཅེས་གསུངས། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།