ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐཱ་ལེ་པན་གྱི་འཐུས་མིས་གཅིག་གྱུར་སྒོས་བལྟས་ན་འཐབ་འཁྲུག་གིས་ཨ་ཧྥུའུ་ཧན་གྱི་ཉམས་ཉེན་ཐག་གཅོད་བྱེད་མི་ཐུབ་པར་འདོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐཱ་ལེ་པན་གྱི་འཐུས་མིས་ཚེས་བརྒྱད་ཉིན་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་ནས་སྤེལ་བའི་གྲོས་མོལ་མཇུག་སྒྲིལ། གྲོས་མོལ་བྱས་རྗེས་ཕྱོགས་གཉིས་ཀྱིས་གསལ་སྒྲོག་སྤེལ་ཏེ། གཅིག་གྱུར་སྒོས་བལྟས་ན་འཐབ་འཁྲུག་གིས་ཨ་ཧྥུའུ་ཧན་གྱི་ཉམས་ཉེན་ཐག་གཅོད་བྱེད་མི་ཐུབ་པས། ཆབ་སྲིད་ལ་བརྟེན་ནས་མིག་སྔའི་ཉམས་ཉེན་ཐག་གཅོད་བྱེད་པར་བརྩོན་དགོས་པར་འདོད། 

བསྒྲགས་པ་ལྟར་ན། ཕྱོགས་སོ་སོས་ཐེངས་འདིའི་གྲོས་མོལ་དེ་ཆབ་སྲིད་ལ་བརྟེན་ནས་ཨ་ཧྥུའུ་ཧན་གྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བའི་གོ་སྐབས་གསར་བ་ཞིག་ཏུ་མཐོང་ཡོད་པ་དང་། གང་མགྱོགས་སྒོས་སྐོར་ཐེངས་རྗེས་མའི་གྲོས་མོལ་སྤེལ་བར་ཡིད་འཐད་བྱུང་ཡོད། 

གཞན་ཡང་དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་ཉིན་དེར་གྲོས་མོལ་མཇུག་སྒྲིལ་རྗེས་ཨ་ཧྥུའུ་ཧན་གྱི་ཕྱོགས་ཁག་སོ་སོས་གོ་སྐབས་དམ་འཛིན་བྱེད་པ་དང་། གང་མགྱོགས་སྒོས་འཐབ་འཁྲུག་མཇུག་སྒྲིལ་ཏུ་བཅུག་སྟེ། ཨ་ཧྥུའུ་ཧན་གྱི་མི་དམངས་ལ་འཕེལ་རྒྱས་གོ་སྐབས་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་། དབྱི་ལིང་གིས་བྱེད་ཐབས་གང་རུང་གིས་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་གྲོས་མོལ་བྱེད་པར་སྐུལ་འདེད་གཏོང་བར་གྲ་སྒྲིག་བྱས་ཡོད་ཟེར། 

ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐཱ་ལེ་པན་གྱི་འཐུས་མིས་ཚེས་བདུན་ཉིན་ཏི་ཧེ་ལན་ནས་གྲོས་མོལ་བྱེད་མགོ་བརྩམས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།