ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ལྷོ་ལྷོ་མཉམ་ལས་རོགས་སྐྱོར་ཐེབས་རྩ་དང་ལྷོ་ལྷོ་མཉམ་ལས་དང་གོང་སྤེལ་སློབ་གླིང་བཙུགས་ནས་ལོ་འཁོར5ལོན་པར་རྟེན་འབྲེལ་ཞུ་ཡིག་སྤྲིངས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྷོ་ལྷོ་མཉམ་ལས་རོགས་སྐྱོར་ཐེབས་རྩ་དང་། ལྷོ་ལྷོ་མཉམ་ལས་དང་གོང་སྤེལ་སློབ་གླིང་བཙུགས་ནས་ལོ་འཁོར5ལོན་པར་རྟེན་འབྲེལ་ཞུ་ཡིག་སྤྲིངས།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་ངོ5རིང་ལྷོ་ལྷོ་མཉམ་ལས་ཀྱི་རོགས་སྐྱོར་ཐེབས་རྩས་ཧུར་ཐག་སྒོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གིས2030ལོའི་རྒྱུན་སྐྱོང་འཕེལ་རྒྱས་ཀྱི་གྲོས་རིམ་དངོས་འབེབ་དང་མི་ཆོས་ཉམས་ཉེན་ལ་གདོང་གཏོད་པ། དབུལ་འཕྲི་དང་འཕེལ་རྒྱས་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་དང་། ལྷོ་ལྷོ་མཉམ་ལས་དང་གོང་སྤེལ་སློབ་གླིང་གིས་ཀྲུང་གོ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གིས་རྒྱལ་སྐྱོང་སྲིད་སྐྱོང་གི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་སྲིད་གཞུང་དོ་དམ་སྐོར་གྱི་མཐོ་རིམ་འཇོན་མི་གསོ་སྐྱོང་བྱས་ཡོད་པ་མ་ཟད། ཐེབས་རྩ་དང་སློབ་གླིང་གིས་ལྷོ་ལྷོ་མཉམ་ལས་ཐད་བྱེད་ནུས་གལ་ཆེན་བཏོན་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་རྒྱ་ཆེ་བའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་དང་མཉམ་དུ་སྔར་ལས་ལྷག་པར་ལྷོ་ལྷོ་མཉམ་ལས་ཀྱི་རྟིང་ཤུགས་བཏོན་ཏེ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་འདོད་ཡོད་ལ། ལྷོ་ལྷོ་མཉམ་ལས་རོགས་སྐྱོར་ཐེབས་རྩས་མུ་མཐུད་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་རྒྱུན་སྐྱོང་འཕེལ་རྒྱས་འགྲོ་བར་རོགས་སྐྱོར་བྱ་རྒྱུ་དང་། ལྷོ་ལྷོ་མཉམ་ལས་དང་གོང་སྤེལ་སློབ་གླིང་གིས་མུ་མཐུད་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མཐོ་རིམ་འཇོན་མི་སྐྱེད་སྲིང་བྱེད་པའི་རྟེན་གཞི་དང་ཞིབ་འཇུག་བརྗེ་རེས་བྱེད་སའི་སྟེགས་བུ་བསྐྲུན་ཏེ་སྔར་ལས་ལྷག་པར་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་པར་བྱས་རྗེས་འཇོག་དགོས། 

ལྷོ་ལྷོ་མཉམ་ལས་རོགས་སྐྱོར་ཐེབས་རྩ་དང་ལྷོ་ལྷོ་མཉམ་ལས་དང་གོང་སྤེལ་སློབ་གླིང་བཙུགས་ནས་ལོ་འཁོར5ལོན་པའི་རྗེས་དྲན་བྱ་འགུལ་པེ་ཅིང་དུ་སྤེལ། བྱ་འགུལ་འདི་ནི་རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱལ་མཉམ་ལས་ཧྲུའུ་དང་ཚོང་དོན་པུའུ་གཉིས་ཀྱི་མཉམ་དུ་སྒྲུབ་པ་ཡིན། །

(图表)[时政]习近平向南南合作援助基金和南南合作与发展学院成立5周年致贺信

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།