ཧེ་ཐིའི་ཙུང་ཐུང་མོ་དབྱི་ཙི་ལྐོག་གསོད་བྱས་ནས་རྐྱེན་ལམ་དུ་ཤོར་བ།

པར་འདི་ནི་ཟླ2པའི་ཚེས7ཉིན་ཧེ་ཐིའི་ཙུང་ཐུང་རུའོ་ཕུའུ་ནེར·མོ་དབྱི་ཙི་ལ་ཧའེ་ཏིའི་རྒྱལ་ས་ཐའེ་ཙི་ཀང་ཉེ་འཁོར་དུ་ཡོད་པའི་རང་ཁྱིམ་དུ་བཅར་འདྲི་དང་ལེན་བྱེད་སྐབས་ཀྱི་འདྲ་པར་རེད།  

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐའེ་ཙི་ཀང་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཟླ7པའི་ཚེས7ཉིན། ཧེ་ཐིའི་ཙུང་ལི་ཁུ་ལུའོ་ཏི·ཡུའེ་སེ་ཧྥུ་ཡིས། ཧེ་ཐིའི་ཙུང་ཐུང་རུའོ་ཕུའུ་ནེར·མོ་དབྱི་ཙི་ལ་ཉིན་དེར་རང་ཁྱིམ་དུ་ལྐོག་གསོད་བྱས་ནས་རྐྱེན་ལམ་དུ་ཤོར་ཞེས་བསྒྲགས། 

ཡུའེ་སེ་ཧྥུ་ཡིས་ཚེས7ཉིན་རླུང་འཕྲིན་བརྒྱུད་ནས་ཁྱབ་བསྒྲགས་བྱས་པ་ལྟར་ན། མོ་དབྱི་ཙི་ལ་ཉིན་དེའི་ནམ་གུང་གི་ཆུ་ཚོད1ཡས་མས་སུ་གང་ཡིན་མི་ཤེས་ཤིང“སི་པན་སྐད་དང་དབྱིན་སྐད་བཤད་པའི”དྲག་ཆས་མི་སྣས་འཇབ་རྒོལ་ཐེབས་ཏེ་ལྐོག་གསོད་བྱས། 

ཡུའེ་སེ་ཧྥུ་ཡིས་གསལ་བསྒྲགས་སྤེལ་སྐབས་རྒྱལ་ཁབ་ཀྱི་བདེ་འཇགས་གནས་བབ་ཡོངས་སུ་ཚོད་འཛིན་བྱས་ཤིང་། དམངས་ཡོངས་ཀྱིས་ཞི་ལྷོད་བབ་བརླིང་བྱེད་དགོས་པའི་འབོད་སྐུལ་བཏང་། དེ་དང་དུས་མཉམ་དུ་གནས་སྐབས་སུ་ཁོང་གིས་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་འགན་ཁུར་རྒྱུ་ཡིན་པའི་བསམ་པ་བསྟན། 

གཞན་ཧེ་ཐིའི་སྨྱན་བྱད་དུ་བཀོད་པའི་གནས་ཚུལ་ལྟར་ན། ཙུང་ཐུང་གི་ལྕམ་མོ་ཡང་ཐེངས་འདིའི་འཇབ་རྒོལ་ཁྲོད་རྨས་སྐྱོན་ཕོག་ཅིང་སྨན་ཁང་དུ་སྐྱེལ་རྗེས་ཚེ་ལས་འདས།

མོ་དབྱི་ཙི་ད་ལོ་དགུང་ལོ53ཡིན་ལ། 2016ལོའི་ཟླ11པའི་ཚེས20ཉིན་ཙུང་ཐུང་ལ་འདེམས་བསྐོ་བྱས་ཤིང་། 2017ལོའི་ཟླ2པའི་ཚེས7ཉིན་ཙུང་ཐུང་གི་འགན་དངོས་སུ་བཞེས །


རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།