ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཚེ་འདས་མི་གྲངས་ཁྲི400ལས་བརྒལ་བར་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས7ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་པ་ཐན་ཏི་སའེ་ཡིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་སྟེང་ཁྱབ་བསྒྲགས་བྱས་དོན། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་ཀྱིས་ཚེ་ལས་འདས་པའི་མི་གྲངས་ཁྲི400ལས་བརྒལ། 

ཐན་ཏི་སའེ་ཡིས། ད་སྐབས་འཛམ་གླིང་ཡོངས་སུ་རིམས་ནད་ཀྱིས་ཁྱབ་བཞིན་པའི་གནད་འགག་གི་དུས་སྐབས་ཡིན་པས་པྲོག་གསར་གློ་ཚད་ཀྱིས་ཚེ་ལས་འདས་པའི་མི་གྲངས་ཁྲི400ལས་བརྒལ་འདུག་ཅེས་བཤད། 

ཁོས་བཤད་རྒྱུར། ནད་དུག་མགྱོགས་མྱུར་ངང་གཞན་འགྱུར་བྱུང་བ་དང་འགོག་སྨན་ཁྱབ་ཚད་ཆ་མི་སྙོམས་པ་བཅས་ཀྱིས་རྒྱལ་ཁབ་མང་པོ་དང་ས་གནས་མང་པོར་པྲོག་གསར་གློ་ཚད་བྱུང་བའི་ནད་པ་དང་སྨན་ཁང་དུ་འདུག་དགོས་པའི་ནད་པའི་ཁ་གྲངས་འཕྲལ་དུ་ཇེ་མང་དུ་སོང་ཡོད་ལ། དེའི་ཁྲོད་ཧྥེ་གླིང་དང་ཡ་གླིང་། ལ་ཏིང་མེ་གླིང་གི་ས་ཁུལ་ཁག་ཅིག་ཏུ“ཚེ་འདས་ཀྱི་རྦ་རླབས”ཐེངས་ཤིག་འཕྱུར་བ་རེད།

ཐན་ཏེ་སའེ་ཡིས་ཡང་བསྐྱར་རྒྱལ་ཁབ་ཁག་གཅིག་ལ“འགོག་སྨན་གྱི་མི་རིགས་རང་ལུགས”དོར་དགོས་པའི་འབོད་སྐུལ་བཏང་ཞིང་། ཁོས“འགོག་སྨན་གྱི་མི་རིགས་རང་ལུགས”དེ་ཀུན་སྤྱོད་ཀྱི་ཐད་ནས་བཤད་ན་ཚུལ་མཐུན་མིན་པ་མ་ཟད་སྤྱི་བའི་འཕྲོད་བསྟེན་གྱི་ཐབས་ཇུས་ཀྱི་ཐད་ནས་ཀྱང་ནུས་མེད་རེད། འཛམ་གླིང་ཧྲིལ་བོ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཐུན་མོང་ཐོག་རིམས་ནད་ལ་འགོག་རྒོལ་བྱེད་པར་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།