ཀྲུང་གོ་བོད་ཀྱི་དྲ་བ།

ཉི་ཧོང་རེ་ཧའེ་གྲོང་ཁྱེར་དུ་འདམ་རུད་བྱུང་ནས་མི7ཚེ་ལས་འདས་པ་དང་མི27གར་སོང་ཆ་མེད་དུ་གྱུར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉི་ཧོང་ཅིན་ཀང་རྫོང་རེ་ཧའེ་གྲོང་ཁྱེར་སྲིད་གཞུང་གིས་ཚེས6ཉིན་ཁྱབ་བསྒྲགས་བྱས་པའི་སྡོམ་རྩིས་གྲངས་ཀ་ལྟར་ན། རེ་ཧའེ་གྲོང་ཁྱེར་དུ་ཚེས3ཉིན་གཞི་རྒྱ་ཆེ་བའི་འདམ་རུད་བྱུང་བ་ལས་མི7ཚེ་ལས་འདས་པ་དང་། མི27གར་སོང་ཆ་མེད་དུ་གྱུར་འདུག

ཅིན་ཀང་རྫོང་སྲིད་གཞུང་གིས་ཚེས6ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཐེངས་འདིའི་འདམ་རུད་ཁྲོད་བསྡོམས་པས་ཁང་པ122ལ་གནོད་སྐྱོན་ཐེབས་ལ་ཁང་པ44ལ་གཏོར་བཤིག་བྱུང་།

མིག་སྔར། ཉི་ཧོང་གི་ཉེན་རྟོག་དང་མེ་ཟོན། རང་སྲུང་རུ་དཔུང་བཅས་ཀྱི་རོགས་སྐྱོབ་མི་སྣ1700ལྷག་གྲབས་མྱུར་ངང་འཚོལ་སྐྱོབ་བྱེད་བཞིན་པའི་སྒང་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།