ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་དམག་སྤྱོད་སྐྱེལ་འདྲེན་གནམ་གྲུ་ཞིག་ཆག་སྐྱོན་ཤོར་བར་ཧྥི་ལི་ཕིན་གྱི་སྲིད་འཛིན་ཏུའུ་ཐེའར་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས6ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་དམག་སྤྱོད་སྐྱེལ་འདྲེན་གནམ་གྲུ་ཞིག་ཆག་སྐྱོན་ཤོར་བར་ཧྥི་ལི་ཕིན་གྱི་སྲིད་འཛིན་ཏུའུ་ཐེའར་ལ་འཚམས་འདྲིའི་གློག་འཕྲིན་བཏང་། 

ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་། ཧྥི་ལི་ཕིན་གྱི་དམག་སྤྱོད་གནམ་གྲུ་ཞིག་སར་འབབ་སྐབས་སྟབས་མ་ལེགས་པར་ཆག་སྐྱོན་ཤོར་ཏེ་མི་མང་པོ་ལ་ཤི་རྨས་བཟོས་པར། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་བྱས་ཏེ་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་རྒྱུ་མ་ཟད། རྨས་མ་དང་རྐྱེན་ལམ་དུ་ཤོར་བའི་ཁྱིམ་མི་རྣམས་ལ་འཚམས་འདྲི་ཞུ་བ་ཡིན་ཞེས་བསྟན། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།