ལའོ་ཝུའོ་སྲིད་གཞུང་གིས་མུ་མཐུད་དུ་རིམས་ནད་འགོག་སྲུང་དང་ཚོད་འཛིན་གྱི་དུས་ཡུན་ཉིན15ཇེ་རིང་དུ་བཏང་བ།

པར་འདི་ནི་ཟླ7པའི་ཚེས5ཉིན་གྲོང་མི་ཞིག་གིས་ལའོ་ཝུའོ་ཝན་ཞང་གི་སྤྱི་གླིང་ཞིག་ཏུ་ཁ་ཐུམ་བརྒྱབ་ནས་ལུས་རྩལ་སྤྱོང་བཞིན་པའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྱིམ་མཚེས་རྒྱལ་ཁབ་ནས་པྲོག་གསར་གློ་ཚད་ཀྱི་རིམས་ནད་འགོ་བའི་གནས་ཚུལ་ཛ་དྲག་ཏུ་གྱུར་སྟབས་ལའོ་ཝུའོ་སྲིད་གཞུང་གིས་ཚེས4ཉིན་ད་དུང་མུ་མཐུད་དུ་རིམས་ནད་འགོག་སྲུང་དང་ཚོད་འཛིན་གྱི་དུས་ཡུན་ཉིན15ཇེ་རིང་དུ་བཏང་སྟེ་ཟླ7པའི་ཚེས19ཉིན་པར་ཡིན་པ་ཁྱབ་བསྒྲགས་བྱས།

པར་འདི་ནི་ཟླ7པའི་ཚེས5ཉིན་གྲོང་མི་རྣམས་ཀྱིས་ལའོ་ཝུའོ་ཝན་ཞང་གི་མའེ་གུང་གཙང་བོའི་འགྲམ་དུ་ལུས་རྩལ་སྤྱོང་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ7པའི་ཚེས5ཉིན་བརྙན་ལེན་པ་ཞིག་གིས་ལའོ་ཝུའོ་ཝན་ཞང་གི་ཁེ་ཞོན་མིན་སྤྱི་གླིང་གི་མདུན་དུ་ཡུལ་སྐོར་བར་སྒུག་བཞིན་པའི་རྣམ་པ་རེད།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།