པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ཨོ་ལིམ་ཕུག་བརྒྱུད་སྒྲོག་ཞབས་ཞུ་ཀུང་ཟིར་རྒྱལ་སྤྱིའི་རྒྱང་སྒྲོག་ལྟེ་གནས་ཀྱི་ལས་གཞི་དངོས་སུ་སྤྲད་པ།

པར་འདི་ནི་ཟླ7པའི་ཚེས4ཉིན་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གནས་ཚུལ་བརྒྱུད་གཏོང་བྱེད་དབང་རྒྱལ་སྤྱིའི་རྒྱང་སྒྲོག་ལྟེ་གནས་ལ་སྤྲོད་པའི་རྣམ་པ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས4ཉིན་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་དྲ་སྟེང་དང་ཡུལ་དངོས་ཟུང་འབྲེལ་གྱི་རྣམ་པ་བརྒྱུད་ནས་ཨོ་ལིམ་ཕུག་བརྒྱུད་སྒྲོག་ཞབས་ཞུ་ཀུང་ཟི(OBS)ལ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་སྨྱན་བྱད་ལྟེ་གནས་གཙོ་བོ(MMC)ཡིན་པའི་རྒྱལ་སྤྱིའི་རྒྱང་སྒྲོག་ལྟེ་གནས(IBC)ཀྱི་ལས་གཞི་དངོས་སུ་སྤྲད། འདིས་པེ་ཅིང་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གནས་ཚུལ་བརྒྱུད་སྒྲོག་བྱེད་པའི་བྱ་བ་སྔར་ལས་མདུན་དུ་བསྐྱོད་པར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་པ་མཚོན། །

པར་འདི་ནི་ཟླ7པའི་ཚེས4ཉིན་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གནས་ཚུལ་བརྒྱུད་གཏོང་བྱེད་དབང་སྤྲོད་པའི་མཛད་སྒོའི་སྟེང་སྐུ་མགྲོན་དང་གསར་འགོད་པས་རྒྱལ་སྤྱིའི་རྒྱང་སྒྲོག་ལྟེ་གནས་སུ་ལྟ་སྐོར་བྱེད་པའི་རྣམ་པ་རེད། 

པར་འདི་ནི་ཟླ7པའི་ཚེས4ཉིན་པར་བླངས་པའི་རྒྱལ་སྤྱིའི་རྒྱང་སྒྲོག་ལྟེ་གནས་རེད། 

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།