ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དཀར་པོའི་ཙུང་ཐུང་གིས་བཀའ་རྒྱ་བཏང་སྟེ་ཝུའུ་ཁི་ལན་བར་གྱི་མཐའ་མཚམས་བཀག་རྒྱ་བསྡམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་ཚེས་གཉིས་ཉིན་བསྟན་དོན། མཚོན་ཆ་མང་བོ་ཝུའུ་ཁི་ལན་ནས་ཨུ་རུ་སི་དཀར་པོའི་མངའ་ཁོངས་སུ་ཡོང་བར་དམིགས་ནས། ཁོས་བཀའ་རྒྱ་བཏང་སྟེ་ཨུ་རུ་སི་དཀར་པོ་དང་ཝུའུ་ཁི་ལན་བར་གྱི་མཐའ་མཚམས་བཀག་རྒྱ་བསྡམས་པ་ཡིན་ཟེར།

ལུའུ་ཁཱ་ཧྲིན་ཁི་ཡིས་ཨུ་རུ་སི་དཀར་པོའི་རང་བཙན་ཉིན་མོའི་བརྗེ་དྲན་འདུ་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། མིག་སྔར་ཨུ་རུ་སི་དཀར་པོར་གསང་སྟབས་ཀྱིས་གནས་པའི་འཇིགས་སྐུལ་རྩ་འཛུགས་ཡོད་པ་དང་། ཁོ་ཚོས་སྲིད་དབང་རྩ་རྫོགས་བྱེད་རྩིས་ཡོད། འཇར་མན་དང་ལི་ཐའོ་ཝན། ཕོ་ལན། ཝུའུ་ཁི་ལན། ཨ་མེ་རི་ཁ་བཅས་དེའི་ཁྲོད་ཟབ་ཞུགས་བྱས་ཡོད་ལ། ཨུ་རུ་སི་དཀར་པོས་གཞི་རྒྱ་ཆེ་བའི་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་སྤེལ་བཞིན་ཡོད་ཟེར།

ཝུའུ་ཁི་ལན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཚེས་གཉིས་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཝུའུ་ཁི་ལན་ཕྱོགས་ལ་ཨུ་རུ་སི་དཀར་པོའི་མཐའ་མཚམས་བཀག་རྒྱ་སྡོམ་པའི་དཔོན་ཕྱོགས་ཀྱི་བརྡ་ཐོ་འབྱོར་མེད་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་ཨུ་རུ་སི་དཀར་པོར་མཚོན་ཆ་སྐྱེལ་འདྲེན་བྱེད་པའི་བརྗོད་ཚུལ་དེར་ངོ་རྒོལ་བྱེད་བཞིན་ཡོད་ཟེར། མགྲིན་ཚབ་པ་དེས་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་ཨུ་རུ་སི་དཀར་པོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མི་སྲིད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་བདེ་འཇགས་ཀྱི་ཆེད་དུ། ཝུའུ་ཁི་ལན་ཕྱོགས་ཀྱིས་ཨུ་རུ་སི་དཀར་པོའི་བར་གནད་དོན་དེའི་ཐད་ནས་ལངས་ཕྱོགས་གཅིག་གྱུར་བྱེད་པར་རེ་སྒུག་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།