ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་འཐུས་མིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནས་ཨ་མེ་རི་ཁས་ཆབ་སྲིད་དམིགས་ཡུལ་དུ་བྱས་པའི་ཆ་འཕྲིན་རྫུན་མ་སྤེལ་མཚམས་འཇོག་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་འཐུས་མིས་ཚེས་གཉིས་ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཞེ་བདུན་པའི་སྟེང་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁས་བསྟུད་མར་ཆ་འཕྲིན་རྫུན་མ་སྤེལ་བ་དང་གཏམ་བརྗོད་རང་དབང་ལ་གནོད་པ་བཟོས་པར་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན།

ཀྲུང་གོའི་འཐུས་མིས་བསྟན་དོན། ཨ་མེ་རི་ཁའི་ཆབ་སྲིད་མགོ་ཁྲིད་པས་མང་ཚོགས་ཀྱི་ཚེ་སྲོག་དབང་ཆ་དང་བདེ་ཐང་དབང་ཆ་སྣང་མེད་དུ་བསྐྱུར་བ་དང་། པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་བྱེད་ཐབས་ནུས་ལྡན་སྤྱད་མེད་པར་འགན་འཁྲི་གཞན་མགོར་བཀྲིས་ནས། རིམས་ནད་དེ་ཆབ་སྲིད་ཅན་དང་སྦགས་བཙོག་ཅན་དུ་བཟོས་པར་མ་ཟད། རྒྱལ་ཁབ་གཞན་པར་དམིགས་པའི་ཆ་འཕྲིན་རྫུན་མ་སྤེལ་ཏེ། རྒྱལ་ནང་གི་རིགས་རྒྱུད་སྐོར་ཞིག་ལ་དམིགས་པའི་མཐོང་ཆུང་དང་འཁོན་འཛིན། དྲག་ཤུགས་བཅས་ངན་སྐུལ་བྱས་པས། ཨེ་ཤ་ཡཱའི་མི་དང་ཨེ་ཤ་ཡཱའི་རིགས་རྒྱུད་ལ་ཨ་མེ་རི་ཁ་ནས་རིགས་རྒྱུད་མཐོང་ཆུང་དང་འཁོན་འཛིན་ནག་ཉེས་བཟོ་བའི་འཇིགས་ཉེན་ཚབས་ཆེན་ཐེབས་ཡོད་ཟེར།

ཀྲུང་གོའི་འཐུས་མིས་བསྟན་དོན། ཨ་མེ་རི་ཁས་ད་རུང་ཆབ་སྲིད་དམིགས་ཡུལ་དབང་གིས་འགྲོ་མིའི་ཐོབ་ཐང་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་པར་མ་ཉེས་ཁ་གཡོག་བྱས་པ་དང་། གོ་སྐབས་དང་བསྟུན་ནས་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་བྱེད་པ་དང་ཕྱོགས་གཅིག་ནས་བཙན་ཤེད་ཀྱི་བྱེད་བས་ལག་བསྟར་བྱས་ནས། རྒྱལ་ཁབ་གཞན་པའི་འཕེལ་རྒྱས་ལ་བཀག་འགོག་བྱེད་རྩིས་བྱས། ཨ་མེ་རི་ཁའི་ཚད་གཞི་ཟུང་ལྡན་ལས་འགྲོ་མིའི་ཐོབ་ཐང་ནི་ཨ་མེ་རི་ཁས་རྒྱལ་ཁབ་གཞན་པར་དཔུང་འཇུག་དང་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་ཆབ་སྲིད་ཀྱི་ཡོ་བྱད་ཅིག་ཡིན་པ་གསལ་བཤད་བྱས་ཡོད་ཟེར།

ཀྲུང་གོའི་འཐུས་མིས་བསྟན་དོན། ང་ཚོས་ཨ་མེ་རི་ཁས་རང་སྟེང་གི་འགྲོ་མིའི་ཐོབ་ཐང་གནད་དོན་ཚབས་ཆེན་ཐག་གཅོད་བྱེད་པ་དང་། ཆབ་སྲིད་ཀྱི་དམིགས་ཡུལ་དབང་གིས་ཆ་འཕྲིན་རྫུན་མ་སྤེལ་མཚམས་འཇོག་དགོས་པར་མ་ཟད། ཚད་གཞི་ཟུང་ལྡན་དང་ཆབ་སྲིད་ཅན་དུ་བསྒྱུར་བའི་བྱེད་ཐབས་མཚམས་འཇོག་པ་དང་། འགྲོ་མིའི་ཐོབ་ཐང་གནད་དོན་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་གཏོང་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།