ཀྲུང་གོ་བོད་ཀྱི་དྲ་བ།

ཧཱ་སག་སི་ཐན་གྱིས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནས་ཀྲུང་གོས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཐབས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐབ་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཞེ་བདུན་པ་དང་གཏམ་བརྗོད་རང་དབང་གནད་དོན་གྱི་དམིགས་བསལ་སྙན་ཞུ་པས་ཚེས་གཉིས་ཉིན་གྲོས་མོལ་བྱས་པ་དང་། ཧཱ་སག་སི་ཐན་གྱི་འཐུས་མིས་གཏམ་བཤད་སྤེལ་ཏེ་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྩ་དོན་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པ་དང་། ཞང་ཀང་གི་ལས་དོན་དེ་ཀྲུང་གོའི་ནང་སྲིད་ལ་གཏོགས་པ་ནན་གྱིས་བསྟན།

རི་ནེ་ཝ་རུ་རྒྱུན་དུ་སྡོད་པའི་ཧཱ་སག་སི་ཐན་གྱི་འཐུས་མི་ཨེ་ཐི་ཀྲ་ནོའུ་ཝ་ཡིས་བསྟན་དོན། ཧཱ་སག་སི་ཐན་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྒྱལ་སྤྱིའི་བཅའ་ཁྲིམས་གཞན་པའི་རྩ་དོན་གཞིར་བཟུང་བའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་དང་ཤུགས་སྣོན་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། སྒྲིག་ལམ་དེར་གཞན་གྱིས་ཚབ་བྱེད་ཐབས་མེད་ཟེར། ཧཱ་སག་སི་ཐན་གྱིས་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཧཱ་སག་སི་ཐན་དང་ཀྲུང་གོས་ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་སླར་གསོ་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ཐོག་མཐའ་བར་གསུམ་དུ་བྱེད་ཕྱོགས་དེ་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཧཱ་སག་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་དགུ་བར་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ནང་དུ་ཧཱ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བསྐྱར་སྒྲོག་བྱས་ཡོད། ཧཱ་སག་སི་ཐན་ཕྱོགས་ཀྱིས་བལྟས་ན། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འབྲེལ་ཡོད་གནད་དོན་དེ་ཀྲུང་གོའི་ནང་སྲིད་ལ་གཏོགས་པ་དང་། ཀྲུང་གོས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཐབས་ལག་བསྟར་བྱེད་པ་དེ་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས། རིག་གནས་བཅས་སྣ་མང་ཅན་ལ་བརྩི་འཇོག་བྱེད་པའི་དུས་རབས་ཀྱི་རླབས་རྒྱུན་དང་ཡོངས་སུ་འཚམ་པར་འདོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཞེ་བདུན་པ་སྤེལ་བཞིན་ཡོད་པ་དང་། རྒྱལ་ཁབ་གཞན་པས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནས་ཀྲུང་གོའི་ཞིན་ཅང་དང་ཞང་ཀང་། བོད་ལྗོངས་སོགས་ལ་འབྲེལ་བའི་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན། རྒྱལ་ཁབ་རེ་བདུན་གྱིས་ཀྲུང་གོར་རྒྱབ་སྐྱོར་བྱེད་པའི་ཐུན་མོང་བསྒྲགས་གཏམ་སྤེལ་ཡོད་པ་དང་། གཞན་ཡང་རྒྱལ་ཁབ་ཉི་ཤུ་ཡིས་ཕྱོགས་གཅིག་ནས་གཏམ་བཤད་སྤེལ་བའམ་མཉམ་འབྲེལ་འཕྲིན་ཡིག་བསྐུར་བ་སོགས་ཀྱི་ཐབས་ལ་བརྟེན་ནས་ཀྲུང་གོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།