ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ7པའི་ཚེས1ཉིན་བསྒྲགས་པའི་ཆེས་གསར་བའི་གཞི་གྲངས་ལྟར་ན། གོ་ལ་ཧྲིལ་བོར་པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ181930736ལ་སླེབས་ཡོད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེས་གསར་བའི་གཞི་གྲངས་ལས་མངོན་པ་ལྟར་ན། ཡོ་རོབ་དབུས་རྒྱུད་ཀྱི་དུས་ཚོད་ཚེས1ཉིན་གྱི་ཆུ་ཚོད18དང་སྐར་མ28བར(པེ་ཅིང་གི་ཚེས2ཉིན་གྱི་ཆུ་ཚོད0དང་སྐར་མ28བར)དུ། གོ་ལ་ཧྲིལ་བོར་པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ་ཉིན་སྔོན་མ་ལས393657ཇེ་མང་དུ་སོང་བ་དང་། བསྡོམས་པས181930736ལ་སླེབས་ཡོད། ཤི་བའི་ནད་པ་ཉིན་སྔོན་མ་ལས8097ཇེ་མང་དུ་སོང་སྟེ3945832ལ་སླེབས་ཡོད། །