ཨ་མེ་རི་ཁས་སི་རི་ཡཱ་དང་དབྱི་རག་གི་མཐའ་མཚམས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེའི་དགོང་མོར་སི་རི་ཡཱ་དང་དབྱི་རག་གི་མཐའ་མཚམས་ས་ཁུལ་གྱི་དབྱི་ལིང་ལ་བློ་ཉེ་བའི་དམངས་དམག་རྩ་འཛུགས་ཀྱི་དམག་དོན་སྒྲིག་ཆས་ལ་བར་སྣང་འཇབ་རྒོལ་བྱས་པ་དང་། སྒྲིག་ཆས་དེ་དག་དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་ལ་འཇབ་རྒོལ་བྱེད་པའི་ཐད་བཀོལ་བཞིན་ཡོད་ཟེར། ས་དེའི་འབྲེལ་ཡོད་མི་སྣས་བཤད་པ་ལྟར་ན། བར་སྣང་འཇབ་རྒོལ་དེ་ལས་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།