ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇིའི་འཕྲོད་བསྟེན་བློན་ཆེན་གྱིས་རིམས་འགོག་གཏན་འབེབས་དང་རྒྱབ་འགལ་བྱས་པ་ཁས་བླངས་པར་མ་ཟད་ལས་གནས་ལས་བུད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ལས་ཤག་གིས་ཚེས་ཉེར་དྲུག་ཉིན་བདེན་དཔང་བྱས་དོན། རྒྱལ་ཁབ་དེའི་འཕྲོད་བསྟེན་འགན་འཛིན་བློན་ཆེན་ཧན་ཁའོ་ཁི་ཡིས་དབུ་བཞུགས་བློན་ཆེན་ཡུའེ་ཧན་ཞོན་ལ་ལས་གནས་ལས་བུད་པའི་ཡི་གེ་སྤྲད་ཟིན་པ་དང་། ཧན་ཁའོ་ཡིས་ལས་གནས་ལས་བུད་པའི་ཞུ་ཡིག་ཁྲོད་རང་ཉིད་ཀྱིས་རིམས་འགོག་གཏན་འབེབས་དང་རྒྱབ་འགལ་བྱས་པར་དགོངས་དག་ཞུས། ཉིན་དེར་དབུ་བཞུགས་བློན་ཆེན་ཡུའེ་ཧན་ཞོན་གྱིས་སྔོན་ཆད་ཀྱི་བློན་ཆེན་ཅཱ་ཝེ་ཏི་ཡང་བསྐྱར་འཕྲོད་བསྟེན་བློན་ཆེན་དུ་བསྐོས།

ཧན་ཁའོ་ཁི་ཡིས་ལས་འབུད་ཞུ་ཡིག་ཁྲོད་བཤད་རྒྱུར། ཁོས་རང་ཉིད་ཀྱིས་རིམས་འགོག་གཏན་འབེབས་དང་རྒྱབ་འགལ་བྱས་པར་ཡང་བསྐྱར་དགོངས་དག་ཞུས་པར་མ་ཟད། རང་ཉིད་ཀྱི་ཁྱིམ་མི་དང་ཤ་ཉེ་འབྲེལ་ཡོངས་ལ་ནོངས་འགྱོད་ཀྱི་བསམ་པ་བསྟན། ཁོས་རང་ཉིད་མི་སྒེར་གྱི་འཚོ་བར་རྐྱེན་བྱས་ཏེ་སྤྱི་ཡོངས་ཀྱི་དོ་སྣང་བྱེད་ཤུགས་བཅག་ན་མི་འདོད་པར་མ་ཟད། དེ་ལ་རྐྱེན་བྱས་ཏེ་རྒྱལ་ཁབ་ཀྱི་རིམས་འགོག་བརྩོན་སེམས་ལ་ཤུགས་རྐྱེན་བཟོ་མི་འདོད་པའི་བསམ་པ་བསྟན།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་ལས་ཤག་གིས་ཉིན་དེར་ཡུའེ་ཧན་ཞོན་གྱིས་ཧན་ཁའོ་ཁི་ལ་འཕྲིན་ལན་བསྐུར་བ་མངོན་བསྒྲགས་བྱས། ཡུའེ་ཧན་ཞོན་གྱིས་འཕྲིན་ལན་ཁྲོད་ཧན་ཁའོ་ཁི་ཡིས་དབྱིན་ཇིའི་རིམས་འགོག་དང་དེ་ལས་གཞན་པའི་སྤྱི་བའི་འཕྲོད་བསྟེན་ལས་དོན་ལ་བཞག་པའི་བྱས་རྗེས་ལ་བཀའ་དྲིན་ཆེ་ཞུས་པར་མ་ཟད། ཧན་ཁའོ་ཁི་ཡིས་ལས་གནས་ལས་འབུད་པའི་འཕྲིན་ཡིག་སྤྲིངས་པར་འགྱོད་སེམས་བསྟན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།