ཨ་མེ་རི་ཁའི་མའོ་ཞི་ཁི་མངའ་སྡེ་རུ་ཚ་ལྒང་མར་ལྷུང་ནས་མི་བཞི་བསད་པ་དང་མི་གཅིག་རྨས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མའོ་ཞི་ཁི་མངའ་སྡེ་ཡི་ཉེན་རྟོག་ཕྱོགས་ཀྱིས་བདེན་དཔང་བྱས་པ་ལྟར་ན། དོན་རྐྱེན་དེ་ནི་མངའ་སྡེ་དེའི་གྲོང་ཁྱེར་ཆེས་ཆེ་གྲས་ཨར་པ་ཁི་ཅིས་ནས་བྱུང་། ས་དེའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོའི་དུས་ཚོད་བདུན་གྱི་སྟེང་དུ། ཚ་ལྒང་ཞིག་གློག་སྐུད་དང་ཐོགས་པ་ལས་མི་བཞི་བསད་པ་དང་མི་གཅིག་རྨས། འདས་པོའི་ཁྲོད་དུ་ཚ་ལྒང་ཁ་ལོ་སྒྱུར་མཁན་གཅིག་ཀྱང་ཚུད་ཡོད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།