ཀྲུང་གོ་བོད་ཀྱི་དྲ་བ།

པའེ་ཏན་དང་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ཉི་ཡིས་ཕོ་བྲང་དཀར་པོའི་ནང་ཐུག་འཕྲད་གླེང་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏན་གྱིས་ཚེས་ཉེར་ལྔ་ཉིན་ཕོ་བྲང་དཀར་པོའི་ནང་དུ་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ཉི་དང་ཨ་ཧྥུའུ་ཧན་གྱི་མི་རིགས་མཐུན་འགྲིག་གི་ཆེས་མཐོའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨ་པུའུ་ཏུའུ་ལ་དང་ཐུག་འཕྲད་གླེང་མོལ་བྱས་ཏེ། ཕྱོགས་གཉིས་ཀའི་འབྲེལ་བ་དང་ཨ་ཧྥུའུ་ཧན་གྱི་གནས་སྟངས་སྐོར་ནས་བགྲོ་གླེང་བྱས།

པའེ་ཏན་གྱིས་ཉིན་དེའི་ཕྱི་དྲོར་ཐུག་འཕྲད་མགོ་བརྩམས་མ་ཐག་བཤད་རྒྱུར། ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་ཕྱིར་འཐེན་བྱས་རྗེས། ཨ་མེ་རི་ཁས་ཨ་ཧྥུའུ་ཧན་གྱི་ཆབ་སྲིད་དང་དཔལ་འབྱོར། བདེ་འཇགས་བཅས་ལ་རྒྱབ་སྐྱོར་བྱེད་མཚམས་མི་འཇོག་ཅེས་བཤད་པར་མ་ཟད། ད་དུང་ཨ་ཧྥུའུ་ཧན་གྱི་མི་དམངས་ལ་ཨ་ཧྥུའུ་ཧན་གྱི་མ་འོངས་པ་ཐག་གཅོད་པའི་རང་དབང་ཡོད་པ་དང་། དགོས་མེད་ཀྱི་དྲག་ཤུགས་ཅིས་ཀྱང་མཚམས་འཇོག་དགོས།

ཅཱ་ཉི་ཡིས་བཤད་རྒྱུར། ཨ་ཧྥུའུ་ཧན་དང་ཨ་མེ་རི་ཁའི་འབྲེལ་བ་དངོས་སུ་དུས་རིམ་གསར་པར་ཐོན་པ་དང་། ང་རང་ངོས་ནས་པའེ་ཏན་གྱི་དམག་དཔུང་ཕྱིར་འཐེན་ཐག་གཅོད་ལ་བརྩི་མཐོང་བྱེད་ཀྱིན་ཡོད་ཟེར། ཁོས་རྟིང་སྣོན་གྱི་ཚུལ་གྱིས་བཤད་རྒྱུར། ཨ་ཧྥུའུ་ཧན་བདེ་འཇགས་དཔུང་སྡེ་ཡིས་ཉིན་དེར་ཐ་ལིས་པན་གྱི་ལག་ནས་ས་ཁུལ་དྲག་འཕྲོག་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།