ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་མཱ་ཏཱ་ཀ་སི་ཁཱའི་ལྟོགས་སྐོམ་གནད་དོན་ལ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གི་ལག་བསྟར་ལས་འཛིན་པ་པུས་སི་ལེ་ཡིས་ཉེ་སྔོན་འཛམ་གླིང་ཡོངས་ཀྱིས་མཱ་ཏཱ་ཀ་སི་ཁཱའི་ཚབས་ཆེ་བའི་ལྟོགས་སྐོམ་གནད་དོན་ལ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བཏང་། 

འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་ཚེས་ཉེར་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། མཱ་ཏཱ་ཀ་སི་ཁཱའི་ལྷོ་ཕྱོགས་ས་ཁུལ་དུ་ལོ་ངོ་བཞི་བཅུའི་རིང་བྱུང་མ་མྱོང་བའི་ཐན་སྐྱོན་འབྱུང་བཞིན་ཡོད་པ་དང་། མི་ས་ཡ་གཅིག་དང་འབུམ་གཅིག་ཁྲི་བཞི་འབྲུ་རིགས་དཀོན་པའི་གནས་ཚུལ་འོག་ལ་འཕྲད་ཡོད་ཟེར། 

པུས་སི་ལེ་ཡིས་གསལ་སྒྲོག་ལས་བསྟན་དོན། མཱ་ཏཱ་ཀ་སི་ཁཱ་ནས་བསྟུད་མར་ཐན་སྐྱོན་བྱུང་སྟེ་ལྟོགས་སྐོམ་གྱི་གནད་དོན་ཚབས་ཆེན་བྱུང་ཡོད་པ་དང་། དེ་ནི་འཐབ་འཁྲུག་དང་འཁྲུག་རྩོད་མ་ཡིན་པར་ནམ་ཟླའི་འགྱུར་ལྡོག་གིས་བཟོས་པ་རེད་ཟེར། 

པུས་སི་ལེ་ཡིས་བསྟན་དོན། ཐན་སྐྱོན་གྱིས་ཉེས་མེད་ཚེ་སྲོག་ཁྲི་སྟོང་མང་བོར་འཇིགས་ཉེན་བཟོ་བཞིན་ཡོད་པས་ང་ཚོས་དེར་དོ་སྣང་མ་བྱས་ན་མི་རུང་། ད་ལྟ་འགུལ་སྐྱོད་སྤེལ་བའི་དུས་ལ་བབས་ཡོད་པ་དང་། མུ་མཐུད་དུ་མཱ་ཏཱ་ཀ་སི་ཁཱའི་སྲིད་གཞུང་གིས་ཚེ་སྲོག་སྐྱོབ་པར་རྒྱབ་སྐྱོར་བྱེད་དགོས་ཟེར། 

ན་ནིང་ལོ་མཇུག་གི་ཚུན་ལ། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་ནམ་རྒྱུན་མཱ་ཏཱ་ཀ་སི་ཁཱའི་སྲིད་གཞུང་བར་མཉམ་ལས་ཟབ་མོ་བྱས་ཏེ། ཚབས་ཆེ་བའི་ལྟོགས་སྐོམ་གནད་དོན་ཐག་གཅོད་བྱས། གཟའ་འཁོར་སྔོན་མར་པུས་སི་ལེ་ཡིས་མཱ་ཏཱ་ཀ་སི་ཁཱའི་ཙུང་ལི་དང་སྲིད་གཞུང་གི་དཔོན་རིགས་གཞན་པར་ཐུག་འཕྲད་བྱེད་སྐབས། ཉམས་ཉེན་དེའི་ཐག་གཅོད་ཇུས་གཞིར་གྲོས་བསྡུར་བྱས། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།