ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ཞི་བདེ་རྒྱ་མཚོ་ཆེན་མོའི་དབུས་ཕྱོགས་ས་ཁུལ་དུ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་བཞི་ཉིན་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཞི་བདེ་རྒྱ་མཚོ་ཆེན་མོའི་དབུས་ཕྱོགས་ཀྱི་ཡོན་ཧེ་མཚོ་ཁོངས་ནས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་གཙོ་བོ་ལད་བཟོའི་དགྲ་བོའི་ཆུ་འཛུལ་གྲུ་གཟིངས་དང་གནམ་གྲུ་འབབ་སའི་གྲུ་གཟིངས། རྨང་གཞིའི་སྒྲིག་ཆས་གཙོ་བོའི་དམིགས་འབེན་ལ་དཔུང་འཇུག་བྱེད་པར་དམིགས་ནས་སྦྱོང་བརྡར་བྱས་པ་ཡིན་ཟེར། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་བསྒྲགས་པ་ལྟར་ན། ཐེངས་འདིའི་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་ནི་ཟླ་དྲུག་པའི་ཚེས་བདུན་ཉིན་ནས་མགོ་བརྩམས་པ་དང་། ཆན་ཏའོ་གླིང་ཚོམས་ཀྱི་ཤར་ལྷོའི་ཕྱོགས་ཀྱི་མཚོ་ལེ་སྟོང་གཉིས་དང་ལྔ་བརྒྱ་ཙམ་གྱི་མཚམས་སུ་ཡོད་པའི་ཞི་བདེ་རྒྱ་མཚོ་ཆེན་མོའི་དབུས་ཕྱོགས་མཚོ་ཁོངས་སུ་དངོས་འཐབ་སྦྱོང་བརྡར་ར་བ་སུམ་ཅུ་ལྷག་ནས་སྤེལ། ཨུ་རུ་སིའི་ཞི་བདེ་རྒྱ་མཚོའི་གྲུ་གཟིངས་རུ་ཁག་གི་གྲུ་གཟིངས་ཉི་ཤུ་དང་གྲུ་གཟིངས་རུ་ཁག་དེའི་མཚོག་དམག་མཁའ་འཐབ་དམག དེ་མིན་མཁའ་དམག་གི་གནམ་གྲུ་ཉི་ཤུ་ལྷག་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད། སྦྱོང་བརྡར་གྱི་རྣམ་གྲངས་ལ་ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བ་དང་། མཁའ་སྲུང་། མཚོ་ཐོག་འགེབས་སྲུང་། རྒྱང་རིང་ནས་དམག་ཤུགས་བཀོད་སྒྲིག་བྱེད་པ། དེ་མིན་དམིགས་འབེན་གཙོ་བོར་མཉམ་འབྲེལ་གྱིས་ཆམ་ཕབ་གཏོང་བ་སོགས་འདུས་ཟེར། 

ཨུ་རུ་སིའི་མཚོ་དམག་གི་སྤྱི་ཁྱབ་དམག་སྤྱི་ཡེ་ཧྥུའུ་མཱེ་ནོའུ་ཧྥུའུ་ཡིས་ཚེས་ཉེར་བཞི་ཉིན་བསྟན་དོན། ཨུ་རུ་སིའི་མཚོ་འགྲམ་བར་སྤྱི་ལེ་སྟོང་བཞི་ཡོད་པའི་མཚོ་ཁོངས་སུ་དམག་དོན་སྦྱོང་བརྡར་སྤེལ་བར་མི་ཚང་མ་ཧ་ལས་དགོས་དོན་མེད། ཨུ་རུ་སིའི་མཚོ་དམག་སྟོབས་ཤུགས་ཇེ་དྲག་ཏུ་སོང་བ་དང་གྲུ་གཟིངས་གསར་བ་བེད་སྤྱོད་བྱས་པ་དང་བསྟུན་ནས། ཨུ་རུ་སིའི་མཚོ་དམག་གིས་མཚོ་ཐོག་གི་འཐབ་འཛིང་བྱེད་ཐབས་གསར་བ་གཏན་འབེབས་བྱེད་བཞིན་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།