ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་འཐུས་མིས་ཨ་མེ་རི་ཁས་མྱུར་དུ་རྒྱལ་ཁབ་གཞན་པའི་ཕྱོགས་གཅིག་གི་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།     སྤེལ་དུས། : 2021-06-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྐབས་དོན་ལྔ་བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཚེས་ཉེར་གསུམ་ཉིན་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། ངེས་པར་དུ་ཨ་མེ་རི་ཁའི་ཁུ་པཱའི་དཔལ་འབྱོར་དང་ཚོང་ལས། དངུལ་ལོར་བཅས་ཐད་ཀྱི་བཀག་སྡོམ་མཚམས་འཇོག་དགོས་པའི་གྲོས་གཞིར་གྲོས་ཞིབ་བྱས། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཀྲང་ཅོན་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད་སྤེལ་ནས། ཨ་མེ་རི་ཁས་མྱུར་དུ་རྒྱལ་ཁབ་གཞན་པའི་ཕྱོགས་གཅིག་གི་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་དགོས་པའི་སྐུལ་མ་བཏང་། 

ཀྲང་ཅོན་གྱིས་བསྟན་དོན། ཨ་མེ་རི་ཁས་ཁུ་པཱ་སོགས་རྒྱལ་ཁབ་ལ་ཕྱོགས་གཅིག་ནས་བཀག་སྡོམ་བྱེད་ཐབས་སྤྱད་པ་དེ་ཞི་བདེའི་འཕེལ་རྒྱས་དང་མཉམ་ལས་མཉམ་རྒྱལ་གྱི་རྒྱལ་སྤྱིའི་རླབས་རྒྱུན་དང་རྩ་བ་ནས་མི་མཐུན་པ་དང་། ཉིས་སྟོང་སུམ་ཅུ་ལོའི་གྲོས་རིམ་གྱི་རྒྱལ་སྤྱིའི་ཐུན་མོང་ལྟ་ཚུལ་ལ་རྒྱབ་འགལ་བྱས་ཡོད་པ་དང་། རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་འཚོ་སྡོད་དབང་ཆ་དང་འཕེལ་རྒྱས་དབང་ཆ། གཞི་རྩའི་འགྲོ་མིའི་ཐོབ་ཐང་སྣ་ཚོགས་ལ་གནོད་པ་བཟོས་ཡོད་པས། ངེས་པར་དུ་མྱུར་མོར་མཚམས་འཇོག་དགོས། ཡིད་འཕང་བ་ཞིག་ནི་ཨ་མེ་རི་ཁས་ཁུ་པཱའི་དཔལ་འབྱོར་དང་ཚོང་ལས། དངུལ་ལོར་བཅས་ཀྱི་བཀག་སྡོམ་རྩིས་མེད་དུ་བཏང་མེད་པར་མ་ཟད། ཉེ་སྔོན་སྔར་ལས་ཇེ་མང་དུ་འགྲོ་བའི་སྣང་ཚུལ་བྱུང་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་བསྟུད་མར་ལོ་ངོ་ཉེར་བརྒྱད་རིང་མང་ཤོས་ཡིད་འཐད་བྱུང་བའི་མཇུག་འབྲས་ཀྱིས་ཨ་མེ་རི་ཁའི་ཁུ་པཱའི་དཔལ་འབྱོར་དང་ཚོང་ལས། དངུལ་ལོར་བཅས་ཀྱི་བཀག་སྡོམ་མཚམས་འཇོག་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་ཡོད། དེ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དྲང་བདེན་གྱི་འབོད་སྐུལ་མཚོན་ཡོད་སྟབས། ངེས་པར་དུ་ཟོལ་མེད་ཀྱིས་ལག་བསྟར་བྱེད་དགོས་ཟེར། 

ཐེངས་འདིའི་གྲོས་ཚོགས་ནས་ད་རུང་ཁུ་པཱ་ཡིས་སྤྲད་པའི་ངེས་པར་དུ་ཨ་མེ་རི་ཁའི་ཁུ་པཱའི་དཔལ་འབྱོར་དང་ཚོང་ལས། དངུལ་ལོར་བཅས་ཀྱི་བཀག་སྡོམ་མཚམས་འཇོག་པའི་གྲོས་ཆོད་འཆར་ཟིན་ལ་བརྡས་ཐག་བཅད་པ་དང་། འདེམ་ཤོག་བརྒྱ་དང་གྱ་བཞི་ཡིད་འཐད་བྱུང་བ་དང་འདེམ་ཤོག་གཉིས་ཀྱི་ངོ་རྒོལ་བྱེད་པ། འདེམ་ཤོག་གསུམ་གྱིས་དབང་ཆ་བསྐྱུར་བའི་མཇུག་འབྲས་ཀྱིས་གྲོས་ཆོད་དེར་གྲོས་འཆམ་བྱུང་བ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།